དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་སུ་འབུལ་རྒྱུ་ཡིན་པ།

    དངོས་མཚོན་པར་གཞི《དུས་ལམ་གྱི་འགྲུལ་པ》 པར་ལེན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

    ཚེས་6ཉིན། “པར་རིས་ལས་སྔོན་དུས་མངོན·བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་སུ་འབུལ་རྒྱུའི”དངོས་མཚོན་པར་གཞི《དུས་ལམ་གྱི་འགྲུལ་པ》པར་ལེན་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དངོས་མཚོན་པར་གཞི་དེ་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ལྷ་ས་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་འདོན་པ་དང་ཅང་ཙུང་ཧའོ་དང་བསྟན་འཛིན་སྒྲོལ་དཀར་གྱིས་མཛུབ་ཁྲིད་བྱས་པ་ཞིག་རེད། གློག་བརྙན་དེའི་ནང་མཚམས་ཁུང་དགོན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་མཁན་མོ་ཚུལ་ཁྲིམས་ལྷ་མོའི་ངོ་མཚར་ཆེ་བའི་མི་ཚེའི་གཏམ་རྒྱུད་བཀོད་ཅིང་། “གཞུང་ལམ་ཡུལ་སྐོར་དང་ཕྱིར་དྲན་ལམ་བུ”ཟུང་དུ་འབྲེལ་བའི་བརྗོད་སྟངས་ཐོག་ནས་ཚུལ་ཁྲིམས་ལྷ་མོའི་འདས་སོང་གི་བྱ་བ་དང་བསྟུན་ཏེ། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་སྟོབས་འབར་ཤང་ནས་རྡོག་ཐོན་བྱས་པ་དང་། གངས་ལྗོངས་ཀྱི་གནའ་གྲོང་ལྷ་སའི་ཕྱོགས་སུ་སྐྱོད་པ། རི་ཆུ་དང་ལོ་ཟླ་མཉམ་དུ་བརྒྱུད་དྲན་ཤེས་ནང་གི་ཕ་ཡུལ་གྱི་རྣམ་པ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པར་འགྱུར་བ་བདེན་དཔང་བྱས་པ། ལྷ་ས་འདི་ཉིད་ལོ་རྒྱུས་དང་དེང་རབས་མཉམ་འདྲེས་ཁྲོད་གང་སར་འོད་ཟེར་རབ་ཏུ་འཕྲོས་པ་མིག་མཐོང་ལག་ཟིན་བྱུང་བ། བོད་ལྗོངས་འདི་ཉིད་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་འཕར་རྩ་དྲག་པོ་མྱོང་ཚོར་བྱུང་བ་བཅས་རེད།

    བཙུན་མ་ཚུལ་ཁྲིམས་ལྷ་མོའི་མི་ཚེའི་ལམ་བུ་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ཀྱི་བསྡུས་རིས་ལྟ་བུ་རེད། ཁོང་གིས་སྣུམ་བཞུ་ནས་རིག་ནུས་ཁྱིམ་ཆས་བར་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་བདེན་དཔང་དང་རྟ་དྲེལ་ལམ་ནས་རིམ་མཐོའི་གཞུང་ལམ་བར་འགྲིམ་འགྲུལ་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་བདེན་དཔང་བྱས་ཡོད། དྲན་འཆར་དེ་དག་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྒྱུ་ཆ་རྩ་ཆེན་ཞིག་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།