དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་སུ་སྤྱི་ཚོགས་ཀྱི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་5.6%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-09

    ཚེས་3ཉིན། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་དང་པོ་ནས་བཞི་པའི་བར་ཟོག་འགྲེམས་འཁོར་རྒྱུག་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཟླ་བཞི་པར་ཟོག་འགྲེམས་འཁོར་རྒྱུག་གིས་ཕྱི་རོལ་གྱི་རྡབ་རྡེག་གནོན་ཤུགས་ཁྱད་བསད་ཐུབ་སྟེ། མཉེན་ཆ་ཆེན་པོ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་མངོན་ནས་སྤྱི་ཡོངས་ནས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་དངུལ་འབོར་སྒོར་དུང་ཕྱུར་115.3ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད།

    གྲུབ་ཆའི་ངོས་ནས་བལྟས་ཚེ། ཐོན་སྐྱེད་དང་འཛད་སྤྱོད་ཀྱི་དགོས་མཁོ་བརྟན་པོའི་ངང་འཕར་བ་དེས་རྒྱལ་ནང་གི་ཟོག་འགྲེམས་དགོས་མཁོའི་མཉེན་ཆ་རྒྱུན་འཁྱོངས་ཡོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ཟླ་དང་པོ་ནས་བཞི་པའི་བར། བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་5.7%འཕར་ཏེ་ཟླ་བཞི་པར་ལས་རིགས་དང་ཐོན་རྫས་མང་པོའི་ཟོག་འགྲེམས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་རིགས་ཆེན་པོའི་ལས་རིགས་41གི་འཕར་ཁྱོན་87.8%ཟིན་པའི་ཁྲོད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཟོག་འགྲེམས་འཕར་ཚད་9.8%ཟིན་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་དང་འབྲེལ་བའི་ཟོག་འགྲེམས་ཀྱི་དགོས་མཁོ་དུས་མཚུངས་ལས་10.0%འཕར་ཡོད། ཟླ་དང་པོ་ནས་བཞི་པའི་བར། ཚན་པ་དང་གྲོང་མིའི་དངོས་རྫས་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་5.9%འཕར་ཏེ། དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད། ཟླ་བཞི་པར། འཛད་ཟོག་རྙིང་པ་གསར་པར་བརྗེ་བ་སོགས་ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཀྱི་ཕན་པ་མངོན་གསལ་དོད་དུ་སོང་བའི་ཁར། ཐད་གཏོང་ཟོག་ཚོང་དང་སྐབས་འཕྲལ་སིལ་ཚོང་སོགས་ཀྱི་ལས་རྣམ་གསར་པས་འདེགས་སྐྱོར་བྱས་པས་གྲོང་མིའི་འཛད་སྤྱོད་ཟོག་འགྲེམས་ཀྱི་དགོས་མཁོ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།

    ནང་འདྲེན་ཚོང་ཟོག་གི་ཟོག་འགྲེམས་དངུལ་འབོར་ཅུང་ཆག་ནའང་ཆག་ཚད་དམའ་པོ་ཡོད། ཟླ་དང་པོ་ནས་བཞི་པའི་བར། ནང་འདྲེན་ཚོང་ཟོག་གི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་4.1%ཆག་པ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1ཆག་ཡོད། འཕྲུལ་གློག་ཐོན་རྫས་ཁྲོད། འཁོར་སྟེགས་དང་འདུས་གྲུབ་གློག་ལམ་ནང་འདྲེན་ཟོག་འགྲེམས་དངུལ་འབོར་རྒྱུན་ཆད་མེད་པར་འཕར་བ་དེ་དུས་མཚུངས་ལས་22.9%དང་8.0%སོ་སོར་འཕར་བ་དང་། ཟླ་བཞི་པར། ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་1143བཏང་བ་དང་ཚད་ལྡན་དོས་སྒམ་ཁྲི་8.6དབོར་བ་དེ་དུས་མཚུངས་ལས་9.4%དང་14.6%སོ་སོར་འཕར་བ་དང་། དམངས་སྤྱོད་རྒྱལ་སྤྱིའི་མཁའ་འགྲུལ་ལམ་ཐིག་ནས་དངོས་ཟོག་དང་སྦྲག་སྲིད་བསྐུར་མ་དབོར་ཚད་ཏུན་ཁྲི་35.3ཟིན་པ་དེ་དུས་མཚུངས་ལས་26.3%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།