དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱས་པ།

    ཐབས་ཤེས་བཟང་པོ་བསླབས་ནས་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-09

    འདི་ནི་ཨེ་ཙེ་ཨོ་ཕི་ཡའི་ཨ་ཝ་སཱ་བཟོ་ལས་གླིང་ཁུལ་གྱི་འཁལ་འཐག་བཟོ་གྲྭ་ཡིན་པ།

    འདི་ནི་མོ་རོ་ཁོའི་མུའུ་ཧན་མུའུ་ཏེ་ཁྲི་ཐོག་དྲུག་པའི་ཏན་ཅེར་ཚན་རྩལ་གྲོང་གི་སེན་ཆི་ལིན་འཁོར་ལོའི་བཟོ་ཁང་དུ་ཀྲུང་མོ་རྒྱལ་ཁབ་གཉིས་པོའི་བཟོ་པས་སྒྲིག་ཆས་བཀོལ་སྤྱོད་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་ཀྲུང་གོས་ལྷག་བསམ་རྣམ་དག་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ཧུར་ཐག་བྱས་ཡོད། ཨ་ཧྥེ་རི་ཁའི་བྱང་རྒྱུད་ཀྱི་མོ་རོ་ཁོ་ནས་དབུས་ལྷོའི་རྒྱུད་ཀྱི་ཙན་པི་ཡ་དང་། དེ་ནས་ཤར་རྒྱུད་ཀྱི་ཨེ་ཙེ་ཨོ་ཕི་ཡ་བར། དེང་རབས་ཅན་གྱི་བཟོ་ལས་གླིང་ཁུལ་དང་ཚན་རྩལ་གྲོང་ཁྱེར་མང་པོ་བསྐྲུན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་དང་ཐོན་ལས་རིམ་སྤོར་ལ་རམ་འདེགས་ནུས་ལྡན་བྱས་ཏེ། ན་གཞོན་དེ་བས་མང་བའི་འབྱུང་འགྱུར་གྱི་ཕུགས་འདུན་མངོན་འགྱུར་ཐུབ་པར་བྱས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གྱི་འཕེལ་རྒྱས་དང་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།