དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སོ་ནམ་དུས་ཚོད་དམ་འཛིན་གྱིས། འབྲས་ལྗང་འཛུགས་པའི་ལས་ལ་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-09

    ཅང་སུའུ། འདི་ནི་ཅང་སུའུ་ཞིང་ཆེན་ཤིང་ཧྭ་གྲོང་ཁྱེར་ཁྲེན་པའོ་གྲོང་རྡལ་སི་ལིན་གྲོང་ཚོར་ཞིང་པས་ཞིང་འཕྲུལ་བཏང་ནས་གྲོ་རྔ་བཞིན་པ།

    ཧུའུ་པེ། འདི་ནི་ཧོ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་པའོ་ཁང་རྫོང་ལིང་ཡུས་ཤང་ལིང་ཡུས་གྲོང་ཚོའི་ཞིང་པས་འབྲས་ཞིང་དུ་འབྲས་ལྗང་འཛུགས་བཞིན་པ།

    ཧྲན་ཏུང་། འདི་ནི་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཧྲན་ཐིང་ཆུས་ཧྲན་ཁྲེང་ཁྲོམ་གཞུང་ཏུང་ཅང་གྲོང་ཚོའི་ཞིང་པས་ལིང་ཀྲི་མཚེའུ་ཡི་འགྲམ་གྱི་གྲོ་ཞིང་ནང་གྲོ་རྔ་བཞིན་པ།

    ཁྲུང་ཆིང་། འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་ཀྲུང་ཐང་གྲོང་རྡལ་ཤིང་ཆོན་སྡེ་ཁུལ་གྱི་སྐྱེ་ལྡན་ཆུ་འབྲས་རྟེན་གཞིར་ཞིང་པ་ཚོས་འབྲས་ལྗང་འཛུགས་བཞིན་པ།

    ཧོ་ནན། འདི་ནི་ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་ཀོང་ཧྲན་རྫོང་ལུའོ་ཁྲེན་ཤང་ཀྲང་ལོའུ་གྲོང་ཚོ་ཆིང་ལུང་ཆུ་བོའི་མཉམ་ལས་ཁང་གི་ལས་མིས་ཞིང་ནང་དུ་འབྲས་ལྗང་དབོར་བཞིན་པ།

    རྨོན་འདེབས་དུས་ནི“དབྱར་གསུམ”གྱི་ཞིང་བྲེལ་དུས་ཡིན་པས་འབྲི་ཆུའི་ལྷོ་བྱང་གི་ཞིང་པ་རྣམས་ཞིང་ནང་དང་མུ་ཁར་འབྲས་ལྗང་འཛུགས་པ་དང་གྲོ་བརྔ་བསྡུའི་ལས་ལ་བྲེལ་ཞིང་། ས་གཞི་གཤིན་པོར་ལོ་ལེགས་འབྲས་བཟང་ཡོང་བའི་རྣམ་པས་ཁེངས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།