ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་བ།
ཉིན་ཤས་གོང་། བོད་ཀྱི“དངུལ་རྩའི་ཤེས་བྱ་ཁྱབ་གདལ་གཏོང་བའི་ལེ་དབར་ཁྲི་ཡི་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད། བྱེད་སྒོར་གཙོ་གནད་མི་ཚོགས་ལ་སྲུང་སྐྱོབ་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་བརྗོད་དོན་གཙོ་བོར་དམིགས་པ་དང་། འགྲེམས་པང་འགྲེམས་སྟོན་དང་དཔྱད་གཞིའི་ཡིག་ཆ་སྤྲོད་པ་སོགས་ཀྱི་རྣམ་པ་བརྒྱུད་དངུལ་རྩའི་ཤེས་བྱ་དམངས་ཚོགས་ལ་ཁྱབ་གདལ་བཏང་ནས་མང་ཚོགས་ལ་དངུལ་རྩའི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པར་རམ་འདེགས་བྱས་ཡོད། འདི་ནི་ལས་དོན་པས་གྲོང་མིར་འབྲེལ་ཡོད་དངུལ་རྩའི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།