ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའི་བརྗོད་དོན་གཙོ་བོ་སྒྲོག་འགྲེལ་གྱི་བོད་ལྗོངས་ལྷ་སའི་ཆེད་དོན་ཚོགས་ར་གཉེར་བ།
ཉེ་ཆར། ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའི་སྒྲོག་འགྲེལ་བྱེད་སྒོའི་བོད་ལྗོངས་ཡན་ལག་ཚོགས་རའི་ས་ཚིགས་དང་པོ་ལྷ་སར་གཉེར་ཞིང་། རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་སྡེ་ཚོགས་རྩ་འཛུགས་ཁག་གི་འགན་འཁུར་བློ་མཐུན་དང་། རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། “གཞོན་ནུ་མར་ཁེ་སི་རིང་ལུགས་པ་གསོ་སྐྱོང་འདུ་འགོད”ཀྱི་སློབ་མ་དང་། དེ་བཞིན་ཚན་པ་ཁག་དང་ལས་རིགས་ཁག་གི་ཁྱབ་ཁོངས་ཀྱི་སྡེ་ཚོགས་དང་གཞོན་ནུའི་འཐུས་མི་སོགས་མི་གྲངས་300ལྷག་ཙམ་སྒྲོག་འགྲེལ་བྱེད་སྒོར་ཞུགས་པ་རེད།
བྱེད་སྒོར་2025ལོའི་ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའི་དྲིལ་བསྒྲགས་པར་གཞི《ལང་ཚོའི་གཟི་འོད་རབ་ཏུ་འཕྲོ》ཞེས་པ་གཅིག་སྡུད་སྒྲིག་འཛུགས་ཀྱིས་བལྟས་ནས། དུས་རབས་གསར་པའི་གཞོན་ནུ་ཚོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པའི་འགན་འཁྲི་དང་ལས་འགན་ཚོར་བར་བྱས་པ་མ་ཟད། “ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་མཁན་ལུའོ་ཧྥེང་དང་། 2025ལོའི་ལོ་འཁོར་གྱི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟཌ”ཀྱི་མཉམ་སྡེབ་བྱ་དགའ་ཐོབ་མཁན་གྱི་འཐུས་མི་ཕུའུ་ཐུང་མོང་། 2025ལོའི་ལོ་འཁོར་གྱི“དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ”ཐོབ་མཁན་གྱི་འཐུས་མི་ཚེ་རིང་མཚམས་གཅོད་དང་ཝང་ཅེ་བཅས་གཞོན་ནུ་དཔེ་བཟང་བ་4གདན་དྲངས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་། མཐའ་སྟོབས་མཐའ་བརྟན་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ཁོང་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་དང་བློ་སྟོབས་ཆེན་པོས་འབད་འཐབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཆེད་དུ་སྤོབས་སེམས་ཆེན་པོས་འགན་འཁྲི་ཁུར་བའི་ལང་ཚོའི་གཏམ་རྒྱུད་མཉམ་སྤྱོད་བྱས་པ་རེད།