དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “དོན་གྲོས་ཀྱི་བརྒྱུད་རིམ་དངོས་སུ་མཐོང་བས་སེམས་པ་དངོས་འབྲེལ་ལྷོད་ལ་བབས་སོང”

    གཞི་རིམ་མང་ཚོགས་དྲུག་གིས་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཟུར་ཉན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-09

    “སྔོན་ཆད་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཧ་ཅང་བླ་ན་མེད་པ་དང་རྒྱུས་མངའ་དེ་ཙམ་མེད་པ་ཞིག་ཡིན་པའི་སྣང་བ་ཡོང་གི་ཡོད། འོན་ཀྱང་ད་ཐེངས་ཚོགས་འདུ་ཇི་ལྟར་འཚོགས་པ་དང་ཐབས་ཇུས་ཇི་ལྟར་གཏན་འཁེལ་བྱེད་པ་དངོས་སུ་མཐོང་བས། ‘མི་དམངས་རང་ཁྱིམ་རང་བདག’གི་གོ་དོན་དངོས་སུ་རྟོགས་པས་མྱོང་ཚོར་ཟབ་མོ་བྱུང” ཟླ་5ཚེས་26དང་27ཉིན་འཚོགས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པར་གཞི་རིམ་གྱི་མང་ཚོགས་དྲུག་གདན་དྲངས་ནས་བརྒྱུད་རིམ་ཧྲིལ་པོར་ཟུར་ཉན་ཐེངས་དང་པོ་བྱས་པ་རེད། དིང་རི་རྫོང་ནས་ཡོང་བའི་བསྟན་འཛིན་དངོས་གྲུབ་ནི་དེའི་ཁྲོད་ཀྱི་ལོ་ན་ཆུང་ཤོས་ཡིན་ཞིང་། ཁོང་གིས“གོ་སྐབས་འདི་འདྲ་ནི་ཧ་ཅང་ཐོབ་པར་དཀའ་བ་ཞིག་རེད”ཅེས་སྤྲོ་སེམས་ཆེན་པོས་བརྗོད།

    འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་བཙུགས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་རེད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་གཏིང་ཟབ་བྱ་ཆེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་དམངས་དཀྱུས་མར་སྒོ་མོ་ཐོག་མར་ཕྱེ་ནས་ཞིང་འབྲོག་མང་ཚོགས་དང་གཞི་རིམ་ལས་དོན་པས་ཐག་ཉེ་ས་ནས་དམངས་གཙོའི་ཇུས་ཐག་གཅོད་པའི་བརྒྱུད་རིམ་གྱི་དཔང་པོ་བྱེད་དུ་བཅུག་པ་རེད། གསར་གཏོད་ཀྱི་བྱེད་ཐབས་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་སླར་ཡང་གོམ་པ་གསར་པ་ཞིག་སྤོས་པ་མཚོན་གྱི་ཡོད།

    ཚོགས་འདུའི་རིང་ཟུར་ཉན་མང་ཚོགས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་བྱེད་སྟངས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལྟ་སྦྱོང་བྱས་པའི་ནང་། འབྲེལ་ཡོད་ལས་དོན་སྙན་སྒྲོན་ཉན་འཇོག་དང་གྲོས་ཞིབ་བྱེད་པ་དང་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ལ་གྲོས་བསྡུར་བྱེད་པ་སོགས་ཀྱི་ལྷུ་ཚིགས་ཚུད་ཡོད། ལྷུན་རྩེ་རྫོང་ལྷོ་བ་གྲོང་གསར་གྱི་ཚུལ་ཁྲིམས་ཀྱིས“ཚོགས་འདུའི་ཐོག་གྲོས་བསྡུར་གནང་བ་ཚང་མ་ནི་ང་ཚོ་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་དག་ཤ་སྟག་ཡིན་པ་དཔེར་ན། གྲོང་གསེབ་དར་རྒྱས་དང་། སྨན་བཅོས་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ད་དུང་འབྲེལ་ཡོད་སྲིད་ཇུས་ཞིབ་བཟོ་བཅས་ཡིན་པས། དོན་གྲོས་ཀྱི་བརྒྱུད་རིམ་དངོས་སུ་མཐོང་བས་སེམས་པ་དངོས་འབྲེལ་ལྷོད་ལ་བབས་སོང”ཞེས་བརྗོད།

    སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཤང་གནས་ཡུལ་གྲོང་ཚོའི་གྲོང་མི་སངས་རྒྱས་ཆོས་འཕེལ་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་གྲོས་དོན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། “སྔོན་ཆད་མི་སེར་ཚོར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་པོ་མེད་པས། སྨན་རྩྭ་གང་བྱུང་དུ་སྔོག་པ་དང་ཤིང་གང་བྱུང་དུ་གཅོད་ཀྱི་ཡོད། ད་ཆ་ཁྲིམས་སྲོལ་གྱི་གཅུན་སྡོམ་ཡོད་པའི་ཁར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲཌ་གནད་ལ་འཁེལ་བ་བྱས་པས། སྐྱེ་ཁམས་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད” ཁོང་གིས་ཕ་ཡུལ་དུ་ལོག་རྗེས་སྦྱངས་པའི་འབྲེལ་ཡོད་ཤེས་བྱ་ཡུལ་མི་ཚོར་དྲིལ་བསྒྲཌ་བྱས་ནས་ཕ་ཡུལ་གྱི་རི་སྔོན་ཆུ་དྭངས་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་ལ་ཤུགས་སྣོན་དང་ལེཌ་སུ་བཏང་སྟེ། འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་བརྟག་ཞིབ་བཞུགས་མོལ་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་མང་ཚོགས་ཀྱི་བསམ་འཆར་ཉན་འཇོག་བྱེད་ཀྱི་ཡོད། ད་ཐེངས་ཀྱི་སྒོ་དབྱེའི་ཚོགས་འདུར་ཟུར་ཉན་བྱས་པས“འབྲས་བུ་ཡོངས་བསྒྲགས”ནས“བརྒྱུད་རིམ་ནང་ཞུཌ་པའི”བར་མངོན་འགྱུར་བྱུང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གཞི་རིམ་གྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    “མི་དམངས་རང་ཁྱིམ་རང་བདག་ཡོང་བར་ངེས་པར་དུ་ཞིབ་ཕྲའི་བྱེད་སྟངས་བརྒྱུད་འགན་ལེན་བྱེད་དགོས” རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན་མཱ་ཝུའེ་མིང་གིས། སྤྱི་དམངས་ཀྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཉན་བྱེད་པའི་ལས་དོན་གསར་གཏོད་ལྡན་པའི་སྒོ་ནས་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གཙོ་གནད་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། མི་དམངས་མང་ཚོགས་དེའི་ནང་ཞུགས་ནས་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཤེས་རྟོགས་ཐུབ་པ་དང་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་དེ་བས་མི་སེམས་སུ་གཏིང་ཟབ་ཏུ་ཟུག་ཐུབ་པར་བྱེད་དགོས་ཞེས་བརྗོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཏང་གིས་མི་དམངས་འཐུས་ཚོགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྤྱི་དམངས་ཞུགས་པའི་ལམ་སྲོལ་སྔར་བས་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་དམངས་ཀྱིས་ཟུར་ཉན་བྱེད་པའི་ལས་དོན་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་གཏོང་བ། དམངས་འདུན་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚང་མ་ལས་མི་དམངས་ཀྱི་འདོད་འདུན་ཞུ་བ་དང་མི་དམངས་ཀྱི་ཁེ་དབང་འགན་སྲུང་དེ་བས་ལེགས་པར་ཐུབ་པ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།