དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཚོའི(གྲོང་ལྷན)བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-09

    ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཏང་གི་རྗེས་སུ་འབྲངས་ནས་རྒྱང་ལམ་གསར་པར་འབད་འཐབ་བྱེད། བུད་མེད་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་བའི་གྲོང་ཚོའི(གྲོང་ལྷན)བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཏམ་བཤད་འགྲན་བསྡུར་གཉེར་བ་དང་དེའི་དམིགས་ཡུལ་ནི་དུས་རབས་གསར་པའི་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པ་དང་གཞི་རིམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་རྒྱུ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐོག་མའི་འགྲན་བསྡུར་གྱི་འདེམས་སྒྲུག་དང་འོས་སྦྱོར་བརྒྱུད་གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཡོང་བའི་བདམས་ཐོན་པ་ཁྱོན་18ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་ནང་ཞུགས་ཡོད། ཆུ་ཚོད་གཉིས་ཙམ་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། དཔྱད་འདེམས་པ་ཚོས་གཏམ་བཤད་ཀྱི་ནང་དོན་དང་ཕྱོགས་བསྡུས་བག་ཆགས་སོགས་ཕྱོགས་མང་པོ་ནས་བདམས་ཐོན་པར་ཕྱོགས་བསྡུས་སྐར་མ་བརྒྱབ་པ་བརྒྱུད་མཐར་བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ་3 བྱ་དགའ་ཨང་གསུམ་པ་4བཅས་བདམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།