དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་དབྱར་གྲོ་ཕྱེད་ཀ་ལྷག་ཙམ་བསྡུས་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-08

    འདི་ནི་ཟླ་6ཚེས་5ཉིན་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཧྲི་ཙུང་གྲོང་རྡལ་ཡུས་མིན་གྲོང་ཚོར་ཞིང་པས་རྔ་བསྡུའི་འཕྲུལ་འཁོར་བཏང་ནས་གྲོ་བསྡུ་བཞིན་པ།

    མིག་སྔར། རྒྱལ་ཡོངས་སུ་ཞིང་འཕྲུལ་སྤྱད་དེ་གཞི་ཁྱོན་ཆེན་པོས་དབྱར་གྲོ་བསྡུ་བའི་ལས་དོན་རྒྱུན་མཐུད་སྤེལ་བཞིན་ཡོད་ཅིང་། ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། ཟླ་6ཚེས་5ཉིན་བར། གྲོ་མུའུ་དུང་ཕྱུར་1.82བསྡུས་ཏེ་སྤྱི་ཡོངས་ཀྱི་ཕྱེད་ཀ་ལྷག་བསྡུས་ཟིན་པ་དང་། ཧུའུ་པེ་དང་སི་ཁྲོན་གྱི་རྗེས་སུ་ཨན་ཧུའེ་ཡི་གྲོ་སྤྱིའི་ཆ་ནས་བསྡུས་ཟིན་ཞིང་། ཧོ་ནན་གྱི་གྲོ་བཅུ་ཆ་བརྒྱད་དང་ཕྱེད་ཀ་དང་། ཅང་སུའུ་དང་ཧྲའན་ཤིས་ཀྱི་གྲོ་བཅུ་ཆ་བཞི་དང་ཕྱེད་ཀ ཧྲན་ཤིས་ཀྱི་གྲོ་བཅུ་ཆ་གཉིས། ཧྲན་ཏུང་གི་གྲོ་བཅུ་ཆ་གཅིག་དང་ཕྱེད་ཀ་བཅས་བསྡུས་ཟིན་ཡོད།

    འདི་ལོའི་དབྱར་བསྡུ་ཚུན། རྒྱ་ཆེའི་ཞིང་འཕྲུལ་ཁ་ལོ་བ་དང་ཞིང་པ་མང་ཚོགས་ཀྱིས་ཚ་གདུག་ཆེ་བའི་གནམ་གཤིས་ལ་མ་འཛེམ་པར་ལོ་ཏོག་བསྡུས་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞིང་འཕྲུལ་ཁ་ལོ་བར་ཞབས་འདེགས་ཞུ་ཚད་ཆེ་རུ་ཏན་ཏིག་བཏང་ནས“དབྱར་ཁའི་འདེབས་གཉེར་སྡུད་གསུམ”རིང་ཞིང་འཕྲུལ་སྤྱད་དེ་གྲོ་བསྡུ་བའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་འགན་སྲུང་ནུས་ལྡན་བྱས་ཡོད། ས་གནས་ཁག་གིས་ཞིང་འཕྲུལ་གྱི་ས་ཁོངས་བརྒལ་བའི་སྣེ་ལེན་ཞབས་ཞུའི་ས་ཚིགས་ཁྱོན་3400ལྷག་ཙམ་བཙུགས་ནས། ཞིང་འཕྲུལ་ལས་ཀའི་ཞབས་ཞུ་འགན་སྲུང་གི་ཐད་སྦྲེལ་ཁ་པར་ནན་ཏན་ཉན་ཏེ། མང་ཚོགས་ཀྱིས་ཞིང་འཕྲུལ་སྤྱད་དེ་ལོ་ཏོག་བསྡུ་སྐབས་འཕྲད་པའི་དཀའ་གནད་གོང་ཞུ་བྱས་པ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཡོད། གཞི་རིམ་གྱི་ཤང་དང་གྲོང་རྡལ་སྲིད་གཞུང་གིས“གྲོ་བསྡུ་མཁན་ཞིང་པར”ཞབས་འདེགས་ཞུས་པ་དང་། རིན་མེད་ངང་ལྟོ་དུས་གསུམ་དང་ཞག་སྡོད་མཁོ་འདོན་བྱས་ནས་མི་སེམས་དྲོ་བར་བྱེད་པའི་ཞབས་འདེགས་ཞུས་ཡོད། ཞིང་ལས་དང་གྲོང་གསེབ་པུས“དབྱར་ཁའི་འདེབས་གཉེར་སྡུད་གསུམ”རིང་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ལག་རྩལ་མཛུབ་ཁྲིད་བསམ་འཆར་སྔ་སྣུར་དུ་བཀྲམ་ནས། གྲོ་བསྡུའི་ཞིང་ཆེན་ལ་ཞིང་འཕྲུལ་གྱི་ས་གནས་ས་ཐོག་ཚོགས་འདུ་དང་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སོགས་སྒྲིག་འཛུགས་བྱས་ནས་བཀོལ་སྤྱོད་ལ་མཛུབ་ཁྲིད་བྱས་པར། ཞིང་འཕྲུལ་ཁ་ལོ་བ་དང་ཉམས་བཟོ་བྱེད་མཁན་མི་ཐེངས་ཁྲི་160ལྷག་ཙམ་ཞུགས་ཡོད། གཞན་ཡང་ས་གནས་ཁག་སྒྲིག་འཛུགས་བྱས་ནས་ཞིང་འཕྲུལ་ཅན་གྱི་ལག་རྩལ་རྐང་འཛིན་པ་ཞིང་ནང་དང་མུ་ཁར་སྐོར་སྐྱོད་མཛུབ་ཁྲིད་བྱེད་པར་བཏང་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཞིང་འཕྲུལ་ལྗང་མདོག་བགྲོད་ལམ་4800ལྷག་ཙམ་བཙུགས་ཏེ། ས་ཁོངས་བརྒལ་ནས་ཕར་འགྲོ་ཚུང་འོང་བྱེད་མཁན་ཞིང་འཕྲུལ་ཁ་ལོ་བ་མགྱོགས་མྱུར་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།