རང་རྒྱལ་ལ་དར་ལམ་དྲ་ཚོང་གི་རོགས་ཟླའི་རྒྱལ་ཁབ་35ཡོད་པ།
ཉེ་ཆར། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར། མིག་སྔའི་བར། རང་རྒྱལ་ལ་དར་ལམ་དྲ་ཚོང་གི་རོགས་ཟླའི་རྒྱལ་ཁབ་35ཡོད་པ་དང་མཉམ་ལས་སྤུས་རྟགས་རབ་དང་རིམ་པ་བཏོད་དེ་དྲ་ཐོག་དང་དྲ་ཕྱི་ཡི་རྒྱལ་ཁབ་ཀྱི་འགྲེམས་ཁང་120བསྐྲུན་ཡོད་པ་མ་ཟད། རྒྱལ་ཁབ་19རུ་ཐད་སྒྲུབ་རྟེན་གཞི་65བསྐྲུན་པ་དང་དྲ་ཚོང་གི“སྤྲིན་རྩིས་སློབ་ཁང་ཆེ་མོའི”ལས་སྒོའི་གསོ་སྦྱོང་ཐེངས་100ལྷག་ཙམ་གཉེར་ནས་གོ་ལ་ཧྲིལ་པོའི་དྲ་ཚོང་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
2025ལོར་ཚོང་དོན་པུས“དྲ་ཚོང་གིས་གོ་ལ་ཧྲིལ་པོར་ཕན་འདོགས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་མ་ཟད། ས་གནས་18དང་དྲ་ཚོང་ལས་སྟེགས་གཙོ་བོ་8སྒྲིག་འཛུགས་བྱས་ཏེ་སྲིད་ཇུས་འབྲེལ་གཏུག་དང་། ཐོན་ལས་འབྲེལ་མཐུད། ནུས་པ་འཛུགས་སྐྱོང། ས་གནས་མཉམ་ལས་སོགས་ལ་དམིགས་ནས་གསལ་ཐོ་རྣམ་པའི་མཉམ་ལས་ནང་དོན་ཁག་40གྲུབ་པ་དང་རོགས་ཟླའི་རྒྱལ་ཁབ་ཀྱི“རང་འགུལ་རྣམ་པའི”མངགས་ཐོར་བརྟེན་ཏེ་ལེགས་བསྡུས་ཞིབ་གཉེར་དང་ཕན་ཆེའི་སྒོ་ནས་དྲ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ལས་དོན་སྤེལ་ཡོད།
གོམ་སྟབས་རྗེས་མར། ཚོང་དོན་པུས་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ནང་འདྲེན་མུ་མཐུད་ཤུགས་ཆེར་གཏོང་བ་དང་། ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་རམ་འདེགས་བྱེད་པ། དྲ་ཚོང་ཐོན་ལས་ཀྱི་འཁོར་འབྲེལ་མཉམ་ལས་ཟབ་ཏུ་གཏོང་བ། བྱེད་སྒོ་ཁག་ལ་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་དྲ་ཚོང་ཁྲོམ་ར་ཆེན་པོ་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུ་རེད།