དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་རྒྱལ་ཁབ་ཀྱི་ཚད་ལྡན་དངོས་པོ་ཁག་468ལ་གསར་དུ་ཆོག་མཆན་སྤྲད་ནས་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-08

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཚེས་6ཉིན་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱིས་གསར་དུ་ཆོག་མཆན་སྤྲད་དེ་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་ཀྱི་ཚད་ལྡན་དངོས་པོ་ཁག་468ཟིན་ཏེ་དུས་མཚུངས་ལས་65.9%འཕར་ཡོད། དེའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཚད་ལྡན་དངོས་པོ་ཁག་31ཡོད་པ་དེས་6.6%བཟུང་སྟེ་དུས་མཚུངས་ལས་47.6%འཕར་ཡོད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚད་ལྡན་དངོས་པོ་ཁག་437ཡོད་པ་དེས་93.4%བཟུང་སྟེ་དུས་མཚུངས་ལས་60.7%འཕར་ཡོད། ད་བར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་ཚད་ལྡན་དངོས་པོ་ཁག་18926ལ་ཆོག་མཆན་སྤྲད་ནས་ཡོངས་བསྒྲགས་བྱས་པ་དང་ཚད་ལྡན་དངོས་པོའི་རྒྱལ་སྤྱིའི་ཚད་མཇལ་ཕན་ཚུན་ཁས་ལེན་གྱི་ནུས་པ་དེ་རྒྱལ་སྤྱིའི་འོས་གྲབས་དཔུང་ཁག་ཨང་དང་པོའི་གྲས་སུ་བརྟན་པོར་གནས་ཡོད།

    ཚད་ལྡན་དངོས་པོ་ནི་རྫས་འགྱུར་དང་སྐྱེ་དངོས་སོགས་ལ་ཞིབ་དཔྱད་བྱེད་སྐབས་མེད་དུ་མི་རུང་བའི་ཚད་གཞི་དང་རྒྱ་རྡོ་ལྟ་བུ་ཡིན་ཞིང་། དེ་ནི་རྒྱལ་ཁབ་ཀྱི་ཚད་འཇལ་ནུས་པ་འཛུགས་སྐྱོང་གི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། ཁྱབ་ཁོངས་ཁག་གི་ཚད་ལྡན་དངོས་པོར་ཆོག་མཆན་ཐོབ་པའི་གྲངས་འབོར་སྤྱིར་ན་མངོན་གསལ་དོད་པོས་མང་དུ་སོང་ཡོད་པ་དང་། བཟོ་སྐྲུན་ལས་རིགས་དང་རྡོ་སྣུམ་རྫས་འགྱུར་ཐོན་ལས་ཀྱི་ཁྱབ་ཁོངས་ཀྱི་ཚད་ལྡན་དངོས་པོ་འཕར་ཚད་མང་ཤོས་ཡིན་པ་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་ཚད་ལྡན་དངོས་པོར་ཆོག་མཆན་ཐོབ་པའི་གྲངས་འབོར་མང་ཤོས་ཡིན་པ་རེད།

    གོམ་སྟབས་རྗེས་མར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ཕན་རང་བཞིན་གྱི་ཚད་ལྡན་དངོས་པོ་ཞིབ་བཟོ་ཐོན་སྐྱེད་ཤུགས་ཆེན་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཆེད་ཚད་འཇལ་གྱི་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།