དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཧྲི་ཐའེ་ཧྥུང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ། ལིའུ་ཅིན་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧྲི་ཐའེ་ཧྥུང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལིའུ་ཅིན་གོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མཛུབ་ཁྲིད་ཚོགས་ཆུང་ཁག་གིས་སློབ་སྦྱོང་སློབ་གསོའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཛུབ་ཁྲིད་དང་ལྟ་སྐུལ་སློབ་སྟོན་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྒྲུབ་པ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་སློབ་གསོར་དེ་བས་ཏན་ཏིག་དང་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས། སློབ་སྦྱོང་གཏིང་ཟབ་བྱེད་པར་དམིགས་ནས་ས་གནས་དང་ཚན་པར་དུས་ཐོག་རྗེས་སྙེག་གིས་སྦྱོང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ། བསམ་སྦྱོར་གཉིས་བརྩོན་གྱིས་སྦྱོང་བ་བཅས་ལ་མཛུབ་ཁྲིད་དང་ལྕག་སྐུལ་བྱས་ཏེ། ཏང་ཡོན་ལས་བྱེད་པར་བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་བྱེད་རྒྱུའི་ཁྲིད་སྟོན་བྱེད་དགོས། གནད་དོན་གནད་འཕིགས་ངང་འཚོལ་བར་དམིགས་ཏེ། གནད་དོན་བཤེར་འདོན་ལ“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ནས། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཤེར་འདོན་བྱེད་པར་ལྕག་སྐུལ་དང་། མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པར་སྣང་ཆེན། གནད་དོན་གྱི་གསལ་ཐོའི་ཞིབ་དཔྱད་ལ་དམ་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གཅིག་སྡུད་བཅོས་སྒྲིག་ལ་དམིགས་ཏེ་གཅིག་སྡུད་བཅོས་སྒྲིག་གི་རྩིས་ཁྲ་འཐུས་སྒོ་ཚང་དུ་གཏོང་བར་ལྕག་སྐུལ་བྱེད་པ་དང་། འཕེལ་རིམ་དང་ཕན་འབྲས་ལ་རྗེས་སྙེག་གིས་རྒྱུས་ལོན་བྱེད་པ། སྒྲིག་འགལ་ངང་བཟའ་འཐུང་བྱེད་པ་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་སྐྱེལ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ། འགན་མི་འཁུར་བ་དང་ལས་ཀ་མི་བྱེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ས་གནས་དང་ཚན་པས་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པར་ལྕག་སྐུལ་བྱེད་པ། ཡ་མེད་སྒྲིག་འགལ་བྱེད་མཁན་ལ་བྱ་ཐབས་ཏན་ཏིག་སྤྱོད་པ་དང་། བྱེད་མུས་ཀྱི་སྤྱོད་ངན་འཛིན་པ། དཔེ་མཚོན་ལ་དམ་འཛིན། བརྡ་ཁྱབ་གཏོང་བར་དམ་འཛིན་བཅས་བྱས་ཏེ། ཟིལ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས“སྤྱོད་ཚུལ་བཞི”མངོན་མེད་ཐབས་སྒྱུར་བྱ་རྒྱུ་གཏན་འགོག་བྱེད་པར་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་ལམ་ལུགས་འཛུགས་པར་དམིགས་ཏེ་ལམ་ལུགས་ཀྱི་ཞན་ཆ་སེལ་བར་ལྕག་སྐུལ་བྱེད་པ་དང་། གྱོད་དཔེར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལམ་ལུགས་ལག་བསྟར་ལ་དམ་འཛིན་ལྷོད་མེད་བྱེད་དགོས། འགན་འཁྲི་ནན་དཀྲིར་དམིགས་ཏེ་ས་གནས་དང་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐར་ཡོང་སྙམ་པའི་བསམ་བློ་དང་ཨ་གསར་གྱི་བསམ་བློ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མཛུབ་ཁྲིད་དང་ལྟ་སྐུལ་སློབ་སྟོན་ལས་དོན་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།