དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་འདུས་གྲུབ་གློག་ལམ་ཕྱིར་གཏོང་ཚད་དུས་མཚུངས་ལས་20%འཕར་བ།

    ཐོན་རྫས་རྒྱུན་ཆད་མེད་པར་རང་བརྟེན་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-08

    བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་11.3%འཕར་ནས་དུས་མཚུངས་ཀྱི་བཟོ་ལས་དང་རྩལ་མཐོའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཚད་དང་བསྡུར་ན་བརྒྱ་ཆའི་གྲངས་4.9དང་1.5སོ་སོར་མཐོ་བ་རེད།

    ཐོན་སྐྱེད་བརྟན་པོའི་ངང་འཕར་ཞིང་། ཐོན་རྫས་གཙོ་བོའི་ཁྲོད། ཟླ་དང་པོ་ནས་བཞི་པའི་བར་རྩིས་འཁོར་ཆུང་གྲས་ཀྱི་སྒྲིག་ཆས་ཐོན་འབོར་དུང་ཕྱུར་1.05ཟིན་པ་དེ་དུས་མཚུངས་ལས་4.7%འཕར་བ་དང་། འདུས་གྲུབ་གློག་ལམ་ཐོན་འབོར་དུང་ཕྱུར་1509ཟིན་པ་དེ་དུས་མཚུངས་ལས་5.4%འཕར་ཡོད། དེའི་ནང་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱིས་འདུས་གྲུབ་གློག་ལམ་དུང་ཕྱུར་1063ཕྱིར་གཏོང་བྱས་པ་དུས་མཚུངས་ལས་20%འཕར་བ་དང་། དེ་ཐོག་ནས་གོ་ལ་ཧྲིལ་པོའི་ཁྲོམ་རར་རྩལ་མཐོའི་ཐོན་རྫས་ཀྱི་དགོས་མཁོ་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག་རང་རྒྱལ་གྱི་འདུས་གྲུབ་གློག་ལམ་ཐོན་རྫས་རང་བརྟེན་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་རྒྱལ་སྤྱིའི་ཁྲོམ་རའི་ཁྲོད་དུ་མུ་མཐུད་འགྲན་རྩོད་ནུས་པ་རྒྱུན་འཁྱོངས་བྱས་པ་མངོན་ཡོད།

    ཕན་འབྲས་བརྟན་པོའི་ངང་ཆེ་རུ་སོང་ཞིང་། ཟླ་དང་པོ་ནས་བཞི་པའི་བར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་5.12ཟིན་པ་དེ་དུས་མཚུངས་ལས་10.1%འཕར་བ་དང་། ལས་གཉེར་མ་གནས་སྒོར་དུང་ཕྱུར་ཁྲི་4.5ཟིན་པ་དེ་དུས་མཚུངས་ལས་10.3%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་1597བྱུང་བ་དེ་དུས་མཚུངས་ལས་11.6%འཕར་བ། ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་འབབ་ཚད་3.1%ཟིན་པ་དེ་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་0.4མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།