དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་སྔོན་ཐོན་གྱི་དམངས་སྤྱོད་སྒྲོ་གཤོག་འཁོར་མདའི་སྒུལ་བྱེད་འཕྲུལ་འཁོར་རང་བདག་ཞིབ་བཟོ་དང་ཐོན་སྐྱེད་ནུས་པ་ཁོང་དུ་ཆུད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-08

    འདི་ནི་ཟླ་6ཚེས་5ཉིན་པར་བརྒྱབ་པའི་AES100སྒུལ་བྱེད་འཕྲུལ་འཁོར་ཡིན་པ།

     ཚེས་5ཉིན། གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། AES100སྒུལ་བྱེད་འཕྲུལ་འཁོར་ལ་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོབ་པ་དང་འབྲེལ་ཕྱིར་ཚོང་གན་རྒྱ་བཞག་པ་དེ་ཐོག་ནས་AES100སྒུལ་བྱེད་འཕྲུལ་འཁོར་ཇུས་འགོད་དང་ཞིབ་འཇུག་གསར་བཟོའི་དུས་མཚམས་ནས་ཐོན་སྐྱེད་འབོར་ཆེན་བྱེད་པའི་དུས་མཚམས་སུ་སླེབས་པ་དང་། སྒུལ་བྱེད་འཕྲུལ་འཁོར་རིགས་དེའི་བཟོ་ལས་ཅན་གྱི་བཟོ་སྐྲུན་ནུས་པར་མཁའ་འགྲུལ་ཐད་སྤྱོད་རྒྱུར་འཚམ་པའི་ཆོག་མཆན་ཐོབ་ནས་གཞི་ཁྱོན་ཅན་དང་གཏན་འཇགས་ཅན་གྱི་ཐོན་སྐྱེད་ཐོབ་ཐང་ལྡན་ཏེ། སྒུལ་བྱེད་འཕྲུལ་འཁོར་ཁྲོམ་རར་འདོན་པ་དང་དམའ་དབྱིངས་སྒྲིག་ཆས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་བ་མཚོན་ཡོད།

    ཚེས་5ཉིན། ཀྲུང་གོ་མཁའ་འགྲུལ་འཕེལ་རྒྱས་ཚོགས་པ་དང་མཉམ་འབྲེལ་གནམ་གྲུ་ཚོགས་པས་AES100སྒུལ་བྱེད་འཕྲུལ་འཁོར་ཕྱིར་འཚོང་གན་རྒྱ་དང་བོགས་གཏོང་གན་རྒྱ་བཞག་པ་དང་2026ལོར་རྩིས་སྤྲོད་རྩིས་ཡོད་པ་རེད། AES100སྒུལ་བྱེད་འཕྲུལ་འཁོར་དེ་ཏུན་6རིམ་པའི་འཁྱིར་འཁོར་འཁྱིལ་གཤོག་མི་མེད་སྐྱེལ་འདྲེན་ལས་སྟེགས“ལན་ཡིང་R6000”གི་ལྟེ་བའི་སྒུལ་ཤུགས་སུ་སྤྱོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།