རྒྱལ་ཡོངས་སུ“སྐྱེ་ཟུག་འཇགས་པའི”བུ་བཙའི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། བུ་བཙའི་ན་ཟུག་ཆུང་དུ་གཏོང་ཆེད། ཚེས་5ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱིས་འབྲེལ་ཡོད་ལས་དོན་བརྡ་ཐོ་བཏང་སྟེ། སྨན་བཅོས་ལས་ཁུངས་སུ་སྐྱེ་ཟུག་འཇགས་པའི་བུ་བཙའི་ཞབས་ཞུ་རྒྱ་ཁྱབ་ངང་སྒྲུབ་རྒྱུར་སྐུལ་འདེད་བཏང་བ་རེད།
《སྐྱེ་ཟུག་འཇགས་པའི་བུ་བཙའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས། རྒྱལ་ཡོངས་ཀྱི་བུ་བཙའི་ཚན་ཁག་གི་སྨན་བཅོས་ཞབས་ཞུ་སྒྲུབ་པའི་རིམ་པ་གསུམ་པའི་སྨན་བཅོས་ལས་ཁུངས་ཚང་མས་སྐྱེ་ཟུག་འཇགས་པའི་བུ་བཙའི་ཞབས་ཞུ་སྒྲུབ་རྒྱུ་དང་། 2027ལོར་སླེབས་སྐབས། བུ་བཙའི་ཚན་ཁག་གི་སྨན་བཅོས་ཞབས་ཞུ་སྒྲུབ་པའི་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་སྒྲིག་གཞི་ཚང་མས་སྐྱེ་ཟུག་འཇགས་པའི་བུ་བཙའི་ཞབས་ཞུ་སྒྲུབ་རྒྱུ་རེད།
“སྐྱེ་ཟུག་འཇགས་པའི”བུ་བཙའ་ནི། སྦྲུམ་མའི་སྒལ་གཞུང་གི་མཁར་སྦུག་ནང་སྨན་ཁབ་བརྒྱབ་ནས་ཕྲུ་གུ་བཙའ་བའི་ན་ཟུག་ཆུང་དུ་གཏོང་བ་ཡིན་ལ། གསོ་རིག་ལས་རིགས་སུ་དེ་ནི་སྟབས་བདེ་ཞིང་ལས་སླ་བ་དང་། བདེ་འཇགས་དང་གནད་སྨིན་འཐུས་ཚང་གི་ལག་རྩལ་ཞིག་ཡིན་པར་ཁས་ལེན་ཀྱི་ཡོད།