དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སི་ཁྲོན་མེ་ཧྲན་གྱིས་ལྷོ་ནུབ་ཀྱི་ཐེན་ཧྥུའུ་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་བསྐྲུན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-08

    མེ་ཧྲན་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་སྦྲེལ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོ་ཤས་རིང་མེ་ཧྲན་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང“ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། མཁའ་ཐོག་སྐྱེལ་འདྲེན”བཅས་མཉམ་འདྲེན་གྱི་ལེགས་ཆ་བཏོན་ཏེ་ལྷོ་ནུབ་ཀྱི་ཐེན་ཧྥུའུ་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་བསྐྲུན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མེ་ཧྲན་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་སི་ཁྲོན་ཐེན་ཧྥུའུ་ཁུལ་གསར་མེ་ཧྲན་ཁུལ་དུ་གནས་པ་དང་སྤྱིའི་འཆར་འགོད་རྒྱ་ཁྱོན་མུའུ་ཁྲི་2.96ལྷག་ཙམ་ཟིན་ནས་རིམ་རྩིས་བརྒྱབ་ན་དུས་གཏན་མེ་འཁོར་ཐེངས་443བཏང་བ་དང་། མངའ་ཁོངས་ཕྱི་ནང་གི་སྦྲེལ་ཚིགས་གྲོང་ཁྱེར་34དང་སྦྲེལ་མཐུད་བྱས་ནས། སི་ཁྲོན་ཞིང་ཆེན་གྱི་རྣམ་པ་མང་པོའི་མཉམ་འདྲེན་མ་ལག་བསྐྲུན་པ་དང་། ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ། སི་ཁྲོན་གྱི་ཕྱི་ཕྱོགས་སྒོ་དབྱེའི་བགྲོད་ལམ་གསར་པ་རྒྱ་ཆེར་གཏོང་བ་བཅས་ལ་འདེགས་སྐྱོར་ཆེན་པོ་བྱས་ཡོད།

    འདི་ནི་སི་ཁྲོན་ཞིང་ཆེན་མེ་ཧྲན་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁའི་མེ་ཧྲན་ཁྲལ་སྲུང་ཟོག་འགྲེམས་ལྟེ་གནས(Bརིགས)ཀྱི་རྣམ་གྲངས་སུ་བཟོ་པས་དངོས་ཟོག་དབོར་སྐྱེལ་བྱེད་བཞིན་པ། རྣམ་གྲངས་དེས་ཁྲལ་སྲུང་མཛོད་ཉར་དང་། ཚོང་དོན། ཟོག་འགྲེམས་སྡེབ་སྐྱེལ་སོགས་ཀྱི་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།