དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་སྦྲེལ་གློག་དོན་གཉེར་བའི་ཞབས་ཞུའི་མ་ལག་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-06-07

    གྲོང་ཁྱེར་དང་གྲོང་གསེབ་གློག་དྲའི་གློག་གཏོང་བློས་འགེལ་ཆུ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཞིང་། 2024ལོར་གྲོང་ཁྱེར་གློག་དྲ་སྤྱོད་མཁན་དང་གྲོང་གསེབ་གློག་དྲ་སྤྱོད་མཁན་གྱི་ཆ་སྙོམས་གློག་ཆད་པའི་དུས་ཚོད་2020ལོ་ལས་28%དང་44%སོ་སོར་ཆག་ཡོད་པ་རེད།

    ཚེས་5ཉིན། གསར་འགོད་པས་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་སྦྲེལ་གློག་དོན་གཉེར་བའི་ཞབས་ཞུའི་མ་ལག་བསྐྲུན་ནས་ཆ་འཕྲིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ནུས་ཆེ་སྟབས་བདེའི་གློག་དོན་གཉེར་བའི་ཞབས་ཞུ་སྒྲུབ་སྟངས་སྤྱིར་ན་ཆགས་ཡོད་པ་རེད། “དྲ་ཐོག་གི་རྒྱལ་ཁབ་གློག་དྲ”དང“ལྷོ་དྲའི་དྲ་ཐོག”སོགས་ཀྱི་དྲ་ཐོག་ཞབས་ཞུའི་APPཐོ་འགོད་མཁན་དུང་ཕྱུར་4ལྷག་ཙམ་ཟིན་པ་དང་། དྲ་ཐོག་ནས་སྒྲུབ་གཉེར་བྱེད་པའི་བསྡུར་ཚད་97%ཟིན་ཏེ་གློག་སྤྱོད་ཀྱི་སྒྲིག་ཆས་སྒྲིག་སྦྱོར་རེ་ཞུ་དང་། གྲོན་འཇལ། འདྲི་རྩད། ཆག་སྐྱོན་བཟོ་བཅོས་སྙན་སེང་སོགས་ཀྱི་རྨང་གཞིའི་ལས་སྒོར“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་ཡོད་པ་རེད།

    དེ་དང་ཆབས་ཅིག རང་རྒྱལ་དུ“མི་དགོས་པ་གསུམ”བཅས་དང“གྲོན་ཆུང་གསུམ”གྱི་ཞབས་ཞུ་སྤྱིར་ན་ཁྱབ་སྟེ་དམའ་གློག་སྤྱོད་མཁན་གྱིས་གློག་སྤྱོད་ཀྱི་སྒྲིག་ཆས་སྒྲིག་སྦྱོར་རེ་ཞུ་བྱེད་པར“སྒོ་རྩར་སྐྱོད་མི་དགོས་པ་དང་། ཞིབ་མཆན་འགོད་མི་དགོས་པ། མ་འཇོག་བྱེད་མི་དགོས་པ”དང་མཐོ་གློག་སྤྱོད་མཁན་གྱིས་གློག་སྤྱོད་ཀྱི་སྒྲིག་ཆས་སྒྲིག་སྦྱོར་རེ་ཞུ་བྱེད་སྐབས“ནུས་ཤུགས་གྲོན་ཆུང་དང་། དུས་ཚོད་གྲོན་ཆུང་། མ་དངུལ་གྲོན་ཆུང”བཅས་ཐུབ་ཡོད། ཉེ་བའི་ལོ་5ཡི་རིང་། རིམ་རྩིས་བརྒྱབ་ན་སྤྱོད་མཁན་ལ་གློག་དོན་གཉེར་བའི་མ་དངུལ་སྒོར་དུང་ཕྱུར་3000ལྷག་གྲོན་ཆུང་ཐུབ་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་གློག་དྲའི་གློག་གཏོང་བློས་འགེལ་ཆུ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ཞིང་། 2024ལོར་གྲོང་ཁྱེར་གློག་དྲ་སྤྱོད་མཁན་དང་གྲོང་གསེབ་གློག་དྲ་སྤྱོད་མཁན་གྱི་ཆ་སྙོམས་གློག་ཆད་པའི་དུས་ཚོད་2020ལོ་ལས་28%དང་44%སོ་སོར་ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།