2024ལོར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ།
ཚེས་5ཉིན་འཚོགས་པའི་2025ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོའི་ཐོག སྐྱེ་ཁམས་ཁོར་ཡུག་པུས《2024ལོའི་ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་སྤྱི་བསྒྲགས》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། སྤྱི་བསྒྲགས་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་ཁོར་ཡུག་གི་བདེ་འཇགས་དུས་བབ་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།
རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལོན་པའི་གྲོང་ཁྱེར་ཁྱོན་222ཟིན་པ་དེ་2023ལོ་ལས་གྲོང་ཁྱེར་19མང་དུ་ཕྱིན་ཡོད།
ས་ངོས་ཆུའི་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ཞིང་། མཚེའུ་དང་ཆུ་མཛོད་210ཡི་ནང་ཆུ་སྤུས་ལེགས་པའི་མཚེའུ་དང་ཆུ་མཛོད་ཀྱི་གྲངས་འབོར་གྱིས་བཟུང་བའི་བསྡུར་ཚད་77.1%ཟིན་པ་དེ་2023ལོ་ལས་བརྒྱ་ཆའི་གྲངས་2.5འཕར་བ་དང་། ས་འོག་ཆུའི་ཆུ་སྤུས་རིགས་Iནས་IVབར་གྱི་གནས་ཐིག་བསྡུར་ཚད་77.9%ཟིན་ཡོད།
སྲ་གཟུགས་སྙིགས་རོ་དང་སྦགས་བཙོག་དངོས་པོ་གསར་པའི་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ཅིང་། “སྙིགས་མེད་གྲོང་ཁྱེར”འཛུཌ་སྐྲུན་ལ་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་བ་དང་གྲོང་ཁྱེར་དང་ས་ཁུལ“113+8”ཀྱིས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་གྱི་ལས་འགན་དང་ལས་གྲྭའི་རྣམ་གྲངས་མགྱོགས་མྱུར་དོན་འཁྱོལ་བྱས་ཡོད། སྦགས་བཙོག་དངོས་པོ་གསར་པའི་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁག་ཐེངས་གཉིས་སུ་བྱས་ཏེ་ཞིང་ཆེན་17ལ་སྦགས་བཙོག་དངོས་པོ་གསར་པའི་བཅོས་སྒྲིག་གི་ཚོད་ལྟའི་རྣམ་གྲངས་ཁག་23ལག་ལེན་བསྟར་འགོ་བཙུགས་པ་རེད།