སྲོལ་རྒྱུན་གྱི་ལེགས་ལྡན་ཟས་རིགས་ཐོན་ཁུལ་དང་ས་གནས་ཀྱི་ཁྱད་ལྡན་ཟས་རིགས་ཐོན་ལས་ཀྱི་གཙོ་གནད་སྐྱེད་སྲིང་མིང་ཐོ་ཁག་དང་པོ་ཡོངས་བསྒྲགས་བྱས་པ།
ཉེ་ཆར། བཟོ་འཕྲིན་པུའུ་ཡིས་སྲོལ་རྒྱུན་གྱི་ལེགས་ལྡན་ཟས་རིགས་ཐོན་ཁུལ་དང་ས་གནས་ཀྱི་ཁྱད་ལྡན་ཟས་རིགས་ཐོན་ལས་ཀྱི་གཙོ་གནད་སྐྱེད་སྲིང་མིང་ཐོ་ཁག་དང་པོ་ཡོངས་བསྒྲགས་བྱས་པའི་ནང་ཅི་ལིན་གྱི་དཀར་པོ་ཆིག་ཐུབ་དམར་པོའི་བཟོས་རྫས་དང་ལིའུ་ཀྲོའུ་ཡི་ལུའོ་ཧྲི་ཧྥིང་སོགས་གཙོ་གནད་སྐྱེད་སྲིང་བྱ་ཡུལ་39ཚུད་པ་དག་འོ་བཟོས་ཟས་རིགས་དང་འཐུང་བྱ་བཟོ་བ་དང་། ཆང་སྙོལ་བཟོ་ལས། ཇ་སྤུས་ལེགས་བཟོ་བ་སོགས་ཀྱི་ཟས་རིགས་བཟོ་ལས་ཀྱི་རིགས་གཙོ་བོར་ཁྱབ་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)28དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་ཁྱབ་ཡོད།
སྲོལ་རྒྱུན་གྱི་ལེགས་ལྡན་ཟས་རིགས་ཐོན་ཁུལ་དང་ས་གནས་ཀྱི་ཁྱད་ལྡན་ཟས་རིགས་ཐོན་ལས་ནི་རང་རྒྱལ་གྱི་ཟས་རིགས་བཟོ་ལས་འཕེལ་རྒྱས་ཀྱི་གཞི་རྟེན་གལ་ཆེན་དང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་རེད། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་ཟས་རིགས་བཟོ་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དེ་ཡིན་པས་ལས་རིགས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་9.8ཙམ་དང་ཁྱད་ལྡན་ཟས་རིགས་ཐོན་ཁུལ་450ལྷག་ཙམ་ཟིན་ནས་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2.5ལྷག་ཙམ་ཟིན་པ་རེད།
བཟོ་འཕྲིན་པུའུ་འཛད་ཟོག་བཟོ་ལས་སིའི་འབྲེལ་ཡོད་འགན་འཁུར་བས། ད་རེས་ཁྱབ་བསྒྲགས་བྱས་པའི་གཙོ་གནད་སྐྱེད་སྲིང་མིང་ཐོའི་ནང་ས་གནས་ཁག་གི་ཁྱད་ལྡན་ཟས་རིགས་ཐོན་ལས་ཀྱི་འཕེལ་རྒྱས་རྨང་གཞི་དང་། དངོས་ཡོད་ཀྱི་གཞི་ཁྱོན། ཡར་རྒྱས་ཀྱི་མངོན་མེད་ནུས་པ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་པའི་ཁར་ཡུལ་སྲོལ་གོམས་འདྲིས་དང་། བཟའ་བཏུང་གོམས་གཤིས། རིག་གནས་རྒྱུན་འཛིན་སོགས་ཀྱི་གཞི་རྒྱུ་གལ་ཆེན་ལ་ལྟ་རྟོག་བྱས་ཤིང་། དུས་མཚུངས་སུ་གནས་ཡུལ་གྱི་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་གྱིས་སྤེལ་བའི་ལས་དོན་དང་ཕན་འབྲས་ལ་རྟོག་ཞིབ་བྱ་རྒྱུར་ཡང་དོ་སྣང་བྱས་ཡོད་ཅེས་བཤད།