དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “བརྗིད་ཉམས་དོད་པའི་ཀྲུང་གོའི”ཡིད་དབང་འགུག་པའི་གསང་རྟགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2025-06-07

    “བརྗིད་ཉམས་དོད་པའི་ཀྲུང་གོའི”རྒྱབ་ལྗོངས་ནས་་མངོན་པ་ནི་གསར་གཏོད་ཀྱི་སྒུལ་ནུས་འཕེལ་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པ། སྒོ་དབྱེ་བསྟུན་མཁས་བཅས་ཡིན། “བརྗིད་ཉམས་དོད་པའི་ཀྲུང་གོ”ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་མ་ཟད། དེ་བས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་ཡིན།

    “ཀྲུང་གོའི་སྤུས་རྟགས་བརྗིད་ཉམས་དོད་པར་གྱུར་ཡོད”ཅེས་པ་དང“ནུབ་ཕྱོགས་ཀྱིས་ཀྲུང་གོ་ནི་ཧ་ཅང་བརྗིད་ཉམས་དོད་པ་དང་། དོན་སྙིང་ལྡན་པ། སློབ་སྦྱོང་བྱེད་རིན་ཡོད་པ་བཅས་ཡིན་པར་ངོས་འཛིན་ཐུབ་རྒྱུའི་རེ་བ་ཡོད”ཅེས་པ་ལ་སོགས། དུས་ཡུན་ངེས་ཅན་ཞིག་གི་རིང་། “བརྗིད་ཉམས་དོད་པ”ནི་ཕྱི་རྒྱལ་གྱི་སྨྱན་སྦྱོར་དང་མཁས་དབང་ཁག་གཅིག་གིས་དེང་གི་ཀྲུང་གོར་བཏགས་པའི་དར་སོ་ཆེ་བའི་ཐ་སྙད་ཅིག་ཏུ་གྱུར་ཡོད།

    རྒྱལ་སྤྱིའི་དམངས་འདོད་བརྟག་དཔྱད་ཀྱིས་ཀྲུང་གོའི་གཟུགས་བརྙན་ལ་སྐར་མ་མཐོ་པོ་བརྒྱབ་པ་ནས་ཕྱི་རྒྱལ་གྱི་མ་འཇོག་ལས་ཁུངས་ཀྱིས་ཀྲུང་གོའི་རྒྱུ་ནོར་ལ་ཧ་ཅང་དགའ་པོ་བྱེད་པའི་བར་དང་། དེ་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བས་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་ཐོག་ཀྲུང་གོས་བཞག་པའི་བག་ཆགས་གསར་པ་དང་ངོས་འཛིན་གསར་པ་མཉམ་སྤྱོད་བྱེད་པའི་བར།“བརྗིད་ཉམས་དོད་པའི་ཀྲུང་གོ”ལས་མངོན་པ་ནི་གསར་གཏོད་ཀྱི་སྒུལ་ནུས་འཕེལ་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་པ། སྒོ་དབྱེ་བསྟུན་མཁས་བཅས་ཡིན།

    “བརྗིད་ཉམས་དོད་པའི་ཀྲུང་གོས”རང་ཚུགས་གཞན་སྐྱོར་གྱི་ལེའུ་གསར་པ་བརྩམས་ཤིང་། “གནམ་འོག་ཀུན་ཕན་བདེན་པའི་ལམ་སྲོལ་སྐྱོང”བའི་རིན་ཐང་དོན་གཉེར་རྒྱུན་འཛིན་བྱེད་པ་དང་། ཀྲུང་གོས་འགྱུར་ལྡོག་དང་ཟང་ཟིང་གིས་ཁེངས་པའི་རྒྱལ་སྤྱིའི་དུས་བབ་འོག་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འོད་སྟོང་འབར་བའི་དམིགས་ཚད་འདིར་དམ་པོར་དམིགས་ཏེ། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་མཐུན་རྐྱེན་བསྐྲུན་གང་ཐུབ་བྱེད་ཀྱི་ཡོད། འདི་ལོའི་དུས་ཚིགས་དང་པོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.4%འཕར་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་མུ་མཐུད་མདུན་གྲལ་དུ་བསླེབས་ནས་སླར་གསོ་བྱེད་དཀའ་བའི་འཛམ་གླིང་དཔལ་འབྱོར་ལ་རྩ་ཆེའི་སྒུལ་ནུས་ལེགས་སྐྱེས་ཕུལ་ཡོད། རྒྱལ་ཁབ་150ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་30ལྷག་ཙམ་དང་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། རྒྱལ་ཁབ་དང་ས་ཁུལ་30དང་རང་མོས་ཉོ་ཚོང་གྲོས་ཆོད་23ལ་མིང་རྟགས་བཀོད་པ། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་དར་རྒྱས་གཏན་ནས་མེད་པའི་རྒྱལ་ཁབ་ཚང་མར་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་100%ལ་སྒོ་ཁྲལ་མེད་པའི་ཐོབ་ཐང་སྤྲད་པ་སོགས། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཛ་དྲག་ཏུ་འགྲོ་བའི་སྐབས་སུ། མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་མཐའ་འཁྱོངས་བྱེད་པའི་ཀྲུང་གོ་འདི་ཉིད“ངེས་གཏན་རང་བཞིན་གྱི་སྔོ་ལྗང་ཞིང་སར”བརྩི་བ་དང“ཀྲུང་གོ་དང་འགྲོགས་ན་གོ་སྐབས་དང་འགྲོགས་པ་ཞིག་ཡིན་པ”རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།

    “བརྗིད་ཉམས་དོད་པའི་ཀྲུང་གོས”འཛམ་གླིང་ཡོངས་ལ་བསྟུན་མཁས་ཀྱིས་སྒོ་མོ་ཕྱེ་ཞིང་། ཟླ་6ཚེས་1ཉིན་ནས་བཟུང་ཀྲུང་གོའི་ཕྱོགས་རྐྱང་པའི་ཐོངས་མཆན་འགོད་མི་དགོས་པའི“གྲོགས་ཚོགས”ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་ཏུ་ཐེངས་དང་པོར་རྒྱ་བསྐྱེད་པ་དང་ཕྱོགས་རྐྱང་པའི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལྟར་ཀྲུང་གོར་ཡོང་ཆོག་པའི་རྒྱལ་ཁབ་43ཟིན་ཡོད། ཐོངས་མཆན་འགོད་མི་དགོས་པའི“གྲོགས་ཚོགས”རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་བསྟུན་ནས། ཕྱི་རྒྱལ་གྱི་གྲོགས་པོ་དེ་བས་མང་བ་ཀྲུང་གོར་ཡོང་བ་དང་། ཀྲུང་གོ་ཤེས་རྟོགས། ཀྲུང་གོར་དགའ་ཞེན་བཅས་བྱེད་ཀྱི་ཡོད། “ཀྲུང་གོར་མ་ཡོང་གོང་ཆ་རྒྱུས་གང་ཡང་མེད་ཀྱང་ཀྲུང་གོར་་སླེབས་རྗེས་དགའ་ཞེན་ཆེན་པོ་སྐྱེས་པ”དེ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་སེམས་དབུས་ཀྱི་སྐད་ཆ་རེད། འདི་ལོའི་དུས་ཚིགས་དང་པོར་ཀྲུང་གོའི་འགག་སྒོ་ཁག་ནས་རྒྱལ་ཁོངས་སུ་འཛུལ་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་900ལྷག་ཙམ་ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་40%ལྷག་ཙམ་འཕར་ཡོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་རིག་གནས་ལས་བརྒལ་བའི་སྤེལ་རེས་ཀྱི་གཏམ་རྒྱུད་ཀྲུང་གོའི་ས་གཞི་ཆེན་པོར་ངོ་མཚར་ཆེ་བའི་སྒོ་ནས་བརྩམས་པ་དང་བསྟུན་ནས“བརྗིད་ཉམས་དོད་པའི་ཀྲུང་གོར”གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་བརྩེ་སེམས་ཀྱི་མཉམ་སྒྲོག་དང་རིན་ཐང་གི་ཁས་ལེན་དེ་བས་མང་བ་ཐོབ་ཡོད། “ཉེ་བའི་ལོ་གཅིག་ལྷག་ཙམ་རིང་གོ་ལ་ཧྲིལ་པོར་ཀྲུང་གོར་དགའ་པོ་ཐོབ་ཚད་ནི་བརྟན་པོའི་ངང་འཕར་བའི་འཁྱོག་ཐིག་ཅིག་ཡིན” ཨ་རིའི་གསར་འགྱུར་དྲ་ཚིགས་Axiosཡིས་དྲངས་པའི་དམངས་འདོད་བརྟག་དཔྱད་བྱས་འབྲས་ལས་གོ་ལ་ཧྲིལ་པོར་ཀྲུང་གོའི་གཟུགས་བརྙན་ལ་ཁས་ལེན་དེ་བས་རྒྱ་ཁྱབ་ངང་ཐོབ་པ་མངོན་ཡོད།

    དེང་གི་ཀྲུང་གོ་ནི་གནའ་ཉམས་བབ་ཆགས་ལ་དར་སོ་ཆེ་བ་ཞིག་ཀྱང་ཡོད། ཤེས་རིག་གི་གནའ་ཉམས་དང་དུས་རབས་ཀྱི་ཉམས་འགྱུར་མཉམ་འདྲེས་ཡག་པོ་བྱུང་བ་དང་། རྩ་བ་མི་བརྗེད་པ་དང་འབྱུང་འགྱུར་གཏོད་རྒྱུ་ཕན་ཚུན་འབྲེལ་མཐུད་དམ་ཟབ་ཐུབ་ཡོད། “བརྗིད་ཉམས་དོད་པའི་ཀྲུང་གོ”ནི་རིག་གནས་ཀྱི་སྣང་ཚུལ་ཞིག་ཡིན་པ་མ་ཟད། དེ་བས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་ཡིན། འབྱུང་འགྱུར་ལ་ཁ་ཕྱོགས་ནས་ཀྲུང་གོས་ཁྱབ་ཁོངས་དེ་བས་ཆེ་བའི་སྒོ་དབྱེ་དང་རིམ་པ་དེ་བས་ཟབ་པའི་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་ཁག་དང་དར་རྒྱས་མཉམ་སྤྱོད་བྱས་ཏེ། ཐུན་མོང་ཐོག་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཡར་ཐོན་གྱི་ལེའུ་གསར་པ་རྩོམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།