ཀྲུང་གོའི་ཁེ་ལས་ཀྱི་མ་འཇོག་གིས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད་པ།
འདི་ནི་ཟླ་6ཚེས་3ཉིན་ཡུལ་དེའི་ལས་མིས་གཟན་ཆག་འཁོར་ཁང་དུ་བྲེལ་བརྩོན་ཆེན་པོས་ལས་ཀ་བྱེད་བཞིན་པ།
འདི་ནི་ཟླ་6ཚེས་3ཉིན་མཉམ་འབྲེལ་བཅར་འདྲི་ཚོགས་པའི་ཁོངས་མིས་གླིང་ཁུལ་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།
འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཤིས་ཨན་ཨའེ་ཅུས་ཚོགས་པའི་ཧ་སག་སི་ཐན་གླིང་ཁུལ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་གནས་ཡུལ་ཡིན་པ།
ཉེ་ཆར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཧ་སག་སི་ཐན་གྱི་བྱང་རྒྱུད་ཀྲོའུ་ཐཱ་དབྱིན་ཧྲ་རྫོང་ཨ་དབྱི་མཱ་ཁེ་གྲོང་རྡལ་དུ་བསྐྱོད་ནས་ཀྲུང་གོའི་ཤིས་ཨན་གྱི་ཨའེ་ཅུས་ཚོགས་པའི་ཧ་སག་སི་ཐན་གྱི་གླིང་ཁུལ་དུ་བཅར་འདྲི་བྱས་པ་རེད།
2015ལོ་ནས་བཟུང་ཨའེ་ཅུས་ཚོགས་པས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་ཚོང་དོན་འགྲོ་འོང་ལ་ཤུགས་སྣོན་རྒྱག་འགོ་ཚུགས་ཤིང་། འབྲུ་སྣུམ་མཉམ་ལས་རྣམ་གྲངས་དེ་ཉིད“ཀྲུང་ཧའི་ཐོན་ནུས་དང་མ་འཇོག་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གསལ་ཐོའི”ཁྲོད་ཀྱི་ཞིང་ལས་ལས་སྣོན་རྣམ་པའི་འབྲུ་རིགས་ཀྱི་རྣམ་གྲངས་གཅིག་པུ་དེ་རེད། མིག་སྔར་ཨའེ་ཅུས་ཚོགས་པས་ཧ་སག་སི་ཐན་དུ་སྣུམ་ཞག་བཟོ་གྲྭ་དང་། གྲོ་ཞིབ་འཁོར་ཁང་། གཟན་ཆག་འཁོར་ཁང་། རྒྱ་ཐུག་བཟོ་ཁང་སོགས་དང་དེ་བཞིན་འབྲུ་རིགས་ཏུན་10ཤོང་བའི་འབྲུ་མཛོད་དང་ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག་6བསྐྲུན་ཡོད། འབྲུ་སྣུམ་ལས་སྣོན་ཕུད། ཨའེ་ཅུས་ཚོགས་པས་ད་དུང་ཡུལ་དེ་དང་མུའུ་ཁྲི་150ཟིན་པའི“མངགས་ཐོའི་ཞིང་ལས”ཀྱི་གྲོས་མཐུན་བཞག་པས་ཡུལ་དེའི་ཞིང་དུད་ཀྱི་མ་དངུལ་ཁ་ཐང་བ་དང་བྲིན་ཚོང་ཐབས་ལམ་ཡག་པོ་མེད་པའི་དཀའ་གནད་ཆེན་པོ་གཉིས་བསལ་ཡོད།
ཧ་སག་སི་ཐན་BAQའཕྲིན་གཏོང་ཁང་གི་གསར་འགོད་པ་ཀུར་ཀྲན·ལཱ་མན་ཁུའུ་ལུའོ་ཝ་ཡིས་ཤེས་རྟོགས་བྱས་པ་ལྟར་ན། རྣམ་གྲངས་དེས་ཉེ་འཁོར་གྱི་གྲོང་ཚོའི་ཡུལ་མི་མང་པོར་ལས་ཀ་རག་པ་དང་། ད་དུང་མི་འགའ་རེ་འདི་གར་ལས་ཀ་ཡོད་པའི་རྐྱེན་གྱིས་ས་ཆ་གཞན་དག་ནས་ཆེད་མངགས་འདིར་སྤོས་ཡོད། ཁོང་གིས་ཧ་སག་སི་ཐན་ལའང་གྲོང་གསེབ་དར་རྒྱས་ཀྱི་འཆར་གཞི་ཡོད་པ་དང་། རྣམ་གྲངས་དེས་ཡུལ་དེའི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་བརྗོད།
“ཀྲུང་གོའི་ཁེ་ལས་ཀྱི་མ་འཇོག་གིས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་བཞིན་ཡོད”ཅེས་ཐ་ཇིག་སི་ཐན“ཨ་སར”ཨེ་ཤེ་ཡ་དབུས་མའི་གསར་འགྱུར་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་ནུའུ་ཞེར་ཧྥུང·ལཱ་སུའུ་ལུའོ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས་ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་མཉམ་ལས་ཀྱིས་ས་ཁུལ་ཧྲིལ་པོའི་དཔལ་འབྱོར་གྱི་རྣམ་པ་ལེགས་སུ་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད།