དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕྲལ་སྡོམ་དོ་དམ་པུས་བོད་ལྗོངས་སྟེང་ཆེན་རྫོང་གི་རི་ཉིལ་ཁུལ་དུ་ལས་དོན་ཚོགས་ཆུང་མངགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-06-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་ཤེས་རྟོགས་བྱས་པར། འཕྲལ་སྡོམ་དོ་དམ་པུས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་རི་ཉིལ་བའི་ཉེན་སེལ་རོགས་སྐྱོབ་ཐད་བཀོད་གཏོང་དང་མཛུབ་སྟོན་བྱས་ནས་རྒྱལ་ཁབ་ཀྱི་ས་གཤིས་གནོད་འཚེའི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་མ་ཟད། ལས་དོན་ཚོགས་ཆུང་གིས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་ནས་རོགས་སྐྱོབ་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་ཀྱང་བྱས་པ་རེད།

    ཟླ་6ཚེས་1ཉིན་གྱི་ཆུ་ཚོད་21དང་སྐར་མ་30ཙམ་ལ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་དམུ་ཐ་ཤང་གི་དབྱར་རྩྭ་དགུན་འབུ་བརྐོ་སར་རི་ཉིལ་བའི་དོན་རྐྱེན་ཐོན་ཡོད། ཚེས་2ཉིན་གྱི་ཆུ་ཚོད་17ཙམ་བར། ད་ཐེངས་ཀྱི་རི་ཉིལ་བའི་དོན་རྐྱེན་ནང་མི་3རྐྱེན་ལམ་དུ་ཤོར་བ་དང་། མི་7འབྲེལ་བ་ཆད་པ། གཞན་ཡང་མི་གཉིས་ལ་རྨས་སྐྱོན་ཕོག་ནས་སྟེང་ཆེན་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་གནས་སྐབས་ཚེ་སྲོག་ལ་ཉེན་ཁ་མེད་པ་རེད། སྙན་སེང་འབྱོར་རྗེས་འཕྲལ་སྡོམ་དོ་དམ་པུས་བཀོད་སྒྲིག་བྱས་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་མུ་མཐུད་བཀོད་གཏོང་དང་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།