དང་བླངས་ཞབས་ཞུའི་འོད་ཟེར། གངས་ལྗོངས་ས་མཐོར་འཕྲོས་སོང་།
—— “མི་དམངས་དང་མཉམ་དུ་འགྲོགས”ཞེས་པའི་ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པའི་བོད་སྐྱོད་བྱེད་སྒོའི་སྐོར་བཀོད་པ།
ཉེ་ཆར། བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་ཀྱི་ཐང་ཆེན་དུ་ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ཀྲུང་གོ་རིག་རྩལ་དང་བླངས་པའི་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“མི་དམངས་དང་མཉམ་དུ་འགྲོགས”ཞེས་པའི་འཚམས་འདྲིའི་འཁྲབ་སྟོན་བྱས་པ་རེད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གཟབ་རྒྱས་དེ《གངས་ལྗོངས་རྔ་བྲོ》ཞེས་པའི་གླུ་གཞས་ཀྱི་ཁྲོད་དུ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་འཚམས་འདྲིའི་འཁྲབ་སྟོན་ནི་ཀྲུང་གོ་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་བླངས་ཞབས་ཞུ་ཚོགས་པས་གཞི་རིམ་དུ་ཟབ་སྐྱོད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་རེད། དེས་རིག་རྩལ་གཞི་རྟེན་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་ཆེན་པོ་བརྒྱུད་སྤྲོད་བྱས་ཏེ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། དེ་བས་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་དང་མཛུབ་ཁྲིད་བརྒྱུད་གཞི་རིམ་རིག་རྩལ་ལས་དོན་པའི་གསར་རྩོམ་གྱི་སྤྲོ་སེམས་འཕེལ་བར་བྱས་ནས། བོད་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ལ་གསོན་ཤུགས་གསར་པ་བསྣན་ཡོད།
འདི་ནི《བཀྲ་ཤིས་སྨོན་འདུན》ཞེས་པའི་ལྷ་མོ་འཁྲབ་བཞིན་པ།
འདི་ནི་གཙོ་སྐྱོང་པ་ཀྲུའུ་ཤུན་དང་གྲོགས་མོ་ཆུང་ཆུང་གིས་བོད་གཞས《དགུང་སྔོན་དབྱིངས་ཀྱི་སྤྲིན་དཀར》ཞེས་པ་གཏོང་བཞིན་པ།
འདི་ནི་གཟིགས་མོ་བས་ལྟད་མོ་ལྟ་བཞིན་པ།
འདི་ནི《དྲི་ཟའི་སྙན་དབྱངས》ཞེས་པ་འཁྲབ་སྟོན་བྱེད་པ།
འདི་ནི་གཙོ་སྐྱོང་པས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་ཉི་མ་ཚེ་རིང་ངོ་སྤྲོད་བྱེད་པ།
འདི་ནི་རིག་རྩལ་དང་བླངས་ཞབས་ཞུ་ཚོགས་པ་དང་བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་མཉམ་གཞས་ཚོགས་པ་ཆ་སྒྲིག་རོགས་སྐྱོར་བྱེད་པ།
འདི་ནི་གཞས་པ་ཕིང་ཨན་དང་བོད་ལྗོངས་ཇོ་མོ་གླང་མ་ལོ་ཆུང་མཉམ་གཞས་ཚོགས་པས《ང་ཀྲུང་གོར་དགའ》ཞེས་པའི་གླུ་གཞས་གཏོང་བཞིན་པ།
འདི་ནི《གངས་ལྗོངས་རྔ་བྲོ》ཞེས་པའི་འགོ་ཚུགས་ཞབས་བྲོ་འཁྲབ་བཞིན་པ།