ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ས་གནས་དཀར་ཆག་གི་ལས་དོན་ཚོགས་འདུ་འཚོགས་པ།
ཚེས་5ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ས་གནས་དཀར་ཆག་གི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀུང་ཧུའེ་ཚའེ་ཡིས་གསུངས་དོན། ཏང་གི་ལོ་རྒྱུས་དང་ས་གནས་དཀར་ཆག་གི་ལས་དོན་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཏང་གིས་བོད་དུ་སྲིད་སྐྱོང་བའི་ནུས་པ་ཆེ་རུ་གཏོང་བ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་མཐོ་ཚད་ཐོག་ནས་ཏང་གི་ལོ་རྒྱུས་དང་ས་གནས་དཀར་ཆག་གི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ལས་ཀའི་བླང་བྱ་དང་གཅིག་གྱུར་ཏན་ཏིག་བྱེད་པ། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་དང་ས་གནས་དཀར་ཆག་གི་ལས་དོན་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས།