དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྔ་པའི་ཚེས་ལྔའི་དུས་ཆེན་རིང་བོད་ཀྱི་ཡུལ་སྐོར་ཁྲོམ་རར་འཕེལ་ཕྱོགས་བཟང་པོ་མངོན་པ།

    ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་11.18ཟིན་ནས་དུས་མཚུངས་ལས་12.7%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-07

     གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ5ཚེས31ཉིན་ནས་ཟླ6ཚེས2ཉིན་བར། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི126.13ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས13.79%འཕར་བ་དང་། ཡུལ་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར11.18བྱུང་བ་དེ་དུས་མཚུངས་ལས12.7%འཕར་ཡོད། འབྲེལ་ཡོད་མི་སྣས། དུས་ཆེན་རིང་བོད་ཀྱི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཆེན་པོ་འགྲོ་བའི་རྣམ་པ་མུ་མཐུད་མངོན་ནས་ས་གནས་དེ་གའི་དཔལ་འབྱོར་ལ་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཚར་མ་ཐག་པའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་ཉིན་གསུམ་རིང་ཏག་ཏག་དབྱར་གཞུང་འཁེལ་བས་ཚ་གཡོལ་དུ་སྐྱོད་པའི་དགོས་མཁོ་ཆེ་རུ་ཕྱིན་ནས“ཆབ་ཞུགས”དང“འཕྱོ་གཡེང”གི་འབྲེལ་ཡོད་ཐོན་རྫས་གདམ་ག་བྱེད་མཁན་ཟླ་བ་གོང་མའི་དུས་མཚུངས་ལས50%ལྷག་ཙམ་མང་དུ་སོང་ཡོད་ལ། བོད་ལྗོངས་ཉིང་ཁྲི་སོགས་ཀྱི་འཁོར་གླས་ཡུལ་སྐོར་གྱི་མངགས་ཐོའང་དུས་མཚུངས་ལས200%ལྷག་ཙམ་མང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།