དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་40ལས་བརྒལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-06

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོའི་དུས་མཇུག་བར། རང་རྒྱལ་གྱི་རང་དངུལ་དང་ཕྱི་དངུལ་གྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་40.61ཟིན་པ་དེ་ལོ་འགོ་ལས་9.6%འཕར་བ་དང་དུས་ཚིགས་དང་པོར་སྒོར་དུང་ཕྱུར་ཁྲི་3.56འཕར་ཡོད།

    སྤྱོད་སྒོ་ནས་བལྟས་ན། རྨང་གཞིའི་སྒྲིག་བཀོད་ལྗང་མདོག་རིམ་སྤོར་གྱི་དངུལ་བུན་དང་། ནུས་རྒྱུའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་དངུལ་བུན། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་བེད་སྤྱོད་དངུལ་བུན་བཅས་ཀྱི་ལྷག་གྲངས་ཁག་སོ་སོར་སྒོར་དུང་ཕྱུར་ཁྲི་18.11དང་། སྒོར་དུང་ཕྱུར་ཁྲི་8.13 སྒོར་དུང་ཕྱུར་ཁྲི་4.81བཅས་ཟིན་པ་དང་། དུས་ཚིགས་དང་པོར་སྒོར་དུང་ཕྱུར་ཁྲི་1.47དང་། སྒོར་དུང་ཕྱུར་4680 སྒོར་དུང་ཕྱུར་4269བཅས་སོ་སོར་འཕར་ཡོད་པ་རེད། ལས་རིགས་ནས་བལྟས་ན། གློག་ཤུགས་དང་། སོལ་རླངས། དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་བཅས་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་8.45ཟིན་པ་དང་དུས་ཚིགས་དང་པོར་སྒོར་དུང་ཕྱུར་4588འཕར་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་སྲིད་བཅས་ལས་རིགས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་7.4ཟིན་པ་དང་དུས་ཚིགས་དང་པོར་སྒོར་དུང་ཕྱུར་3959འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།