དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་རྒན་གསོའི་སྒྲིག་གཞིར་མེ་ཟོན་བདེ་འཇགས་སྐོར་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    རྒན་གསོའི་ཞབས་ཞུ་སྒྲིག་གཞིའི་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་སྔར་བས་གོང་མཐོར་གཏོང་བ་དང་། ལྷ་ས་གྲོང་ཁྱེར་གྱི་རྒན་གསོའི་ཞབས་ཞུ་སྒྲིག་གཞིའི་ལས་མི་དང་རྒན་རྒོན་གྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། ཕྱོགས་ཡོངས་དང་སྣ་མང་ཅན་གྱི་སྒོ་ནས་རྒན་གསོའི་སྒྲིག་གཞིར་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་དང་རུ་ཆེན་ཁག་གིས་ཉེ་བའི་ལོ་ཤས་ནང་ཐོན་པའི་མེ་སྐྱོན་གྱི་ཉེན་བརྡའི་དཔེ་མཚོན་དང་ཟུང་འབྲེལ་གྱིས། ཁོངས་གཏོགས་ཁུལ་ཁག་གི་རྒན་གསོའི་སྒྲིག་གཞིའི་དོན་དངོས་ལ་དམིགས་ཏེ། རྒན་གསོའི་སྒྲིག་གཞིའི་མེ་སྐྱོན་གྱི་དཔེ་མཚོན་གྱོད་དཔེ་དང་། མེ་སྐྱོན་ཐོན་པའི་རྒྱུན་མཐོང་གི་རྒྱུ་རྐྱེན། མེ་ཟོན་བདེ་འཇགས་ཀྱི་དོ་དམ་བྱ་ཐབས། ཁ་འགྲེམས་དང་སྲོག་ཉེན་ལས་ཐར་ཐབས་ཀྱི་དོ་སྣང་བྱ་ཡུལ་གྱི་དོན་གནད་སོགས་ལ་གསལ་འགྲེལ་ཞིབ་ཕྲ་བྱས་པ་མ་ཟད། རྒན་གསོའི་སྒྲིག་གཞིའི་གཞི་ཁྱོན་དང་། ཁང་པའི་གྲུབ་ཆ། མི་སྣའི་གྲུབ་ཚུལ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ། “ཁང་པ་རེར་ཐབས་ཇུས་རེའི”མེ་ཟོན་དོ་དམ་གྱི་ཇུས་གཞི་བཟོས་ནས། འགན་འཁྲི་ཁག་བགོས་ཁ་གསལ་བྱས་ཏེ་མེ་ཟོན་བདེ་འཇགས་དོ་དམ་གྱི་ལས་དོན་ཞིབ་ཚགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།