དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐད་གཏོང་ཟོག་ཚོང་འཁྲུག་ཆ་དོད། འབྲོག་པའི་འཚོ་བ་སྐྱ་ནམ་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོ་ནི་འདམ་གཞུང་རྫོང་གི་ཤར་རྒྱུད་དུ་གནས་ཤིང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་30དང་མཚོ་བོད་གཞུང་ལམ་དང་བར་ཐག་སྤྱི་ལེ་5ཙམ་ལས་མེད། སྟབས་བདེའི་འགྲིམ་འགྲུལ་དྲ་བ་དང་། དྭངས་གཙང་གི་རང་བྱུང་འབྲོག་ར། སྐད་གྲགས་ཆེ་བའི་འདམ་གཞུང་གི་འབྲི་གཡག་སྤུས་རྟགས་བཅས་ཡོད་པའི་ཁར། ཐད་གཏོང་ཟོག་

    ཚོང་གི་ཚོང་གཉེར་བྱེད་སྟངས་གསར་པའི་བཀའ་དྲིན་འོག དེ་གའི་འབྲོག་པ་རྣམས་སྐྱ་ནམ་རྒྱས་པའི་འཚོ་བ་གསར་པར་རོལ་རྒྱུ་བྱུང་ཡོད།

    “ང་ཚོའི་འབྲི་གཡག་ཚང་མ་རིར་གློད་ནས་འཚོ་བ་ལས་གཟན་ཆག་སྟེར་གྱི་མེད་སྟབས་ཤ་སྤུས་ཧ་ཅང་ཡག་པོ་ཡོད”ཅེས་པར་ཆས་ཀྱི་མདུན་དུ་བཀྲ་ཤིས་བཟང་མོས་གསོ་ཚགས་ཁོར་ཡུག་ནས་ཤ་སྤུས་ཡག་ལ་བྲོ་བ་ཞིམ་པའི་བར་དང་། དེ་ནས་འཚོ་བཅུད་ཆེན་པོ་ཡོད་པའི་བར་ཀོ་ཁྱིམ་གྲོང་ཚོའི་ཚགས་ཤའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་རེ་

    བཞིན་སེམས་རྩ་འཁོལ་པོས་ངོ་སྤྲོད་བྱས་པར། མི་རྣམས་ལ་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་དངོས་སུ་སླེབས་པ་ལྟ་བུའི་ཚོར་སྣང་སྦྱིན་འོང་། ཐད་གཏོང་བ་གཙོ་བོས་འོས་སྦྱོར་བྱས་པ་བརྒྱུད། སྤུས་ཚད་ལེགས་པའི་ཚགས་ཤར་དགའ་པོ་བྱེད་མཁན་མང་པོའི་དོ་ཁུར་ཐོབ་ནས་ཉོ་མཁན་ཧ་ཅང་མང་།

    ཀོ་ཁྱིམ་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གསུམ་པའི་རུ་དཔོན་བཀྲ་ཤིས་བཟང་མོས། “ང་ཚོས་ན་ནིང་སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་སྟངས་ལ་འགྱུར་བ་བཏང་སྟེ། གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་ཁོངས་མིར་རམ་འདེགས་ཀྱིས་དྲ་རྒྱའི་བརྙན་ཐུང་གི་ལས་སྟེགས་སུ་ཐད་གཏོང་ཟོག་ཚོང་བྱས་

    པ་ཡིན། མིག་སྔའི་བར་ཚགས་ཤ་རྒྱ་མ་400ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་ཁྲི་10.4ཙམ་བྱུང་ཡོད། ཐད་གཏོང་ཟོག་ཚོང་བྱས་པ་བརྒྱུད་ཚགས་ཤ་བྲིན་ཁ་རྒྱུག་ཏུ་ཕྱིན་པ་མ་ཟད་སྐད་གྲགས་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་བཤད།

    ཀོ་ཁྱིམ་གྲོང་ཚོའི་ཏང་ཨུད་ཧྲུའུ་ཅི་ཟླ་བཟང་གིས། “ང་ཚོས་ཚགས་ཤ་ཐོག་མར་འཚོང་སྐབས་མཉམ་ལས་ཁང་གི་ཁོངས་མི་ལས་ཉོ་མཁན་གཞན་པ་མེད། ད་ལོ་གྲོང་སྡོད་ལས་དོན་རུ་ཁག་གིས་ཐད་གཏོང་བྱས་རྗེས་ས་གནས་ཁག་གི་མི་མང་པོས་ང་ཚོའི་ཚགས་ཤར་རྒྱུས་མངའ་ལོན་སྟབས་མང་པོ་བྲིན་སོང་། བྱ་ཐབས་དེ་རིགས་ཧ་ཅང་ཡག་པོ་འདུག་པས།

    ང་ཚོས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། སླད་ཕྱིན་ཐད་གཏོང་ཟོག་ཚོང་བྱེད་མཁན་ན་གཞོན་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད།

    ད་ཕན་ལོ་ཤས་རིང་། འདམ་གཞུང་རྫོང་ལུང་རིང་ཤང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ་དང་འབྲི་གཡག་གི་གསོ་སྤེལ་རྟེན་གཞི་ཚད་ལྡན་ཅན་བསྐྲུན་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས། འབྲི་གཡག་ཐོན་ལས་

    ལ་བསམ་གཞིག་ཡག་པོ་བྱས་ཏེ་འབྲི་གཡག་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། 2023ལོའི་ཟླ་8པར། ལུང་རིང་ཤང(འབྲི་གཡག)“རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན”དུ་བདེ་བླག་ངང་ཚུད་དེ་ལྗོངས་ཡོངས་ཀྱིས་ས་ཁོངས་ཀྱི་ཁྱད་ལྡན་ཐོན་

    ལས་གང་མགྱོགས་འཕེལ་རྒྱས་གཏོང་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།