དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཉམ་ཤུགས་གཅིག་ཏུ་བསྒྲིལ་བར་ཁྲིད་སྟོན་བྱས། དངོས་སྒྲུབ་ལམ་ནས་ཐུན་མོང་བསམ་འདུན་བཏོད།

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་ཤང་འབྲུ་དཀར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    2020ལོར་གྲོང་ཁྱེར་རིམ་པའི་སྐར་ལྔའི་གྲོང་ཚོའི(གྲོང་ལྷན)མཚན་སྙན་དང་། 2022ལོར་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་གྲོང་ཚོའི་མཚན་སྙན། 2023ལོར་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི་གཞི་རིམ་ཏང་རྩ་འཛུགས་དཔེ་སྟོན་ས་ཚིགས་ཀྱི་མཚན་སྙན་བཅས་ཐོབ་པ་མ་ཟད། 2024ལོར་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཤང་དང་གྲོང་རྡལ་གྱི་ས་གནས་ས་ཐོག་གི་དཔྱད་དཔོག་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་བ་རེད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གནས་རྙིང་ཤང་འབྲུ་དཀར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་མ་ཟད། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་དམ་འཛིན་བྱ་གཞིར་བྱས་ཏེ་ལས་དོན་ཡག་པོ་བསྒྲུབས་པར་བརྟེན་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    བློ་སེམས་གཅིག་མཐུན་མཉམ་དུ་འཛུགས་གཏོད་ལས་ལ་གཞོལ།

    འབྲུ་དཀར་གྲོང་ཚོས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་འཛུགས་གཏོད་ཀྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་ཟབ་ཏུ་གཏོང་བར་དམིགས་ནས་སྤྱོད་བཟང་ལ་བརྟེན་ཏེ་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་གྲོང་གསེབ་བཅོས་སྐྱོང་བྱས་ནས་དམངས་སེམས་བདེ་ལ་འགོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཤེས་དཔལ་ཡར་ཐོན་གྱི་གྲོང་ཚོའི་ཡུལ་སྲོལ་དམངས་སྲོལ་རྒྱུན་ཆད་མེད་པར་འཛུགས་གཏོད་བྱས་པ་རེད།

    “དར་སྤེལ་གཅིག་དང་སྐུལ་འདེད་གཉིས”ལ་བརྟེན་ནས་ཡུལ་སྲོལ་བཅོས་སྐྱོང་བྱས་ཤིང་། “ཡུལ་སྲོལ་འཛུགས་པ་དང་། ཡུལ་སྲོལ་དམངས་ཆིངས་གཏན་འཁེལ། ཁྱིམ་སྲོལ་འཛུགས་པ”བཅས་དམ་འཛིན་བྱ་གཞིར་བྱས་ཏེ་ཤེས་དཔལ་ཡུལ་སྲོལ་དར་སྤེལ་ཤུགས་ཆེན་དང་བབ་ཆགས་ཀྱི་དམངས་སྲོལ་དང་ཁྱིམ་སྲོལ་བཟང་པོར་སྐུལ་འདེད་བཏང་བ་རེད། གྲོང་གསེབ་ཀྱི་ཏང་གི་སློབ་གྲྭར(མི་སེར་སློབ་ཁང)བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སོགས་བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། “ཡུལ་སྲོལ་དང་། ཡུལ་སྲོལ་དམངས་ཆིངས། ཁྱིམ་སྲོལ”བཅས་ལ་དམིགས་ནས་བྱེད་སྒོར་སྣེ་ཁྲིད་དེ་མང་ཚོགས་ལ་ཁྱིམ་མཚེས་དབར་འཆམ་མཐུན་དང་ཧུར་བསྲི་གྲོན་ཆུང་བྱེད་པར་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱས་ཏེ་དགེ་བརྩོན་ཡར་ཐོན་དང་བཟང་ལྟོས་ཡར་འགྲན་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱས་པ་རེད།

    “འགྲན་བསྡུར་གཅིག་དང་བསྡུར་བ་གཉིས”ལ་བརྟེན་ནས་བཅོས་སྐྱོང་བྱེད་ཐབས་ཀྱི་ནུས་ཕྱོད་དེ་བས་ཆེ་རུ་བཏང་ཞིང་། གྲོང་ཚོའི་ཤེས་དཔལ་འཕྲོད་བསྟེན་འགྲན་བསྡུར་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་འགྲན་བསྡུར། མང་ཚོགས་ཀྱིས་སྤྱི་ཆིངས་ལག་བསྟར་འགྲན་བསྡུར་བཅས་ལ་དམ་འཛིན་ཡག་པོ་བྱས་ནས“ཏང་ཡོན་གྱིས་ཐོག་མའི་བསམ་འདུན་ལ་ཤུགས་སྣོན་དང་མང་ཚོགས་ཀྱི་སྐར་གསོག་དོ་དམ”ཟུང་དུ་འབྲེལ་བའི་བྱེད་ཐབས་ཁྱབ་གདལ་དང་ལག་བསྟར་བྱས་ཏེ“ཁྱབ་ཁོངས་ཆུང་བའི”འགྲན་སློབ་སྙེག་བརྒལ་བཞི་ལྡན་གྱི་ཞིང་འབྲོག་པའི་རྣམ་པ་གསར་པ་ཆགས་པར་བྱས་པ་རེད།

    “དཔྱད་བསྡུར་གཅིག་དང་འཛུགས་གཏོད་གཉིས”ལ་བརྟེན་ནས་བཅོས་སྐྱོང་གི་དམིགས་ཚད་སྔར་བས་ཁ་གསལ་བཟོས་ཤིང་། རྒྱལ་ཡོངས་ཀྱི་ཤེས་དཔལ་ཤང་དང་། བདེ་སྐྱིད་ལྡན་པའི་ཤེས་དཔལ་གྲོང་ཚོ་འཛུགས་གཏོད། “སྐར་བཅུའི་ཤེས་དཔལ་དུད་ཚང”འཛུགས་གཏོད་བཅས་བསྐྱར་དུ་དཔྱད་དཔོག་བྱས་ནས་བཅོས་སྐྱོང་གི་ཕན་འབྲས་དམིགས་ཚད་དུ་བརྩིས་ནས་ཚད་འབེབས་དཔྱད་བསྡུར་གྱི་དམིགས་ཚད་དང་། སྟབས་བསྟུན་སྐར་གསོག་དོ་དམ། བྱ་དགའ་གཟེངས་བསྟོད་ལྕག་སྐུལ་བཅས་ཀྱི“ལམ་སྲོལ་གསུམ”སྤྱད་དེ་ཤང་ཡོངས་ཀྱི“མེད་པ་བརྒྱད”ཀྱི་བདེ་སྐྱིད་ལྡན་པའི་ཤེས་དཔལ་གྲོང་ཚོ་དང“སྐར་བཅུའི་ཤེས་དཔལ་དུད་ཚང”གི་སྐར་རིམ་དཔྱད་བསྡུར་ཚད་གཞིར་དམིགས་ནས“སྐར་གསོག་སྒོ་རྩིས་ཚོང་ཁང”དུ་ཅ་དངོས་བརྗེ་བ་དང་ཤེས་དཔལ་ཁྱིམ་ཚང་གཏོད་པ་དང་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་མུ་མཐུད་སྔོག་འདོན་དང་ཤེས་དཔལ་ཡུལ་སྲོལ་སྐྱེད་སྲིང་བྱས་ནས་ཤེས་དཔལ་འཛུགས་གཏོད་ལ་བརྟེན་ཏེ་གྲོང་གསེབ་དར་རྒྱས་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཆགས་པར་སྐུལ་སྤེལ་ཏན་ཏིག་བཏང་བ་རེད།

    བློ་སེམས་གཅིག་མཐུན་མཉམ་དུ་བཅོས་སྐྱོང་ལས་ལ་འབད།

    གཞི་རིམ་ཏང་འཛུགས་སྐྱོང་གི་དྲ་བ་དང་། གྲོང་གསེབ་བཅོས་སྐྱོང་གི་དྲ་བ། སྤྱི་ཚོགས་ཞབས་ཞུའི་དྲ་བ་སོགས“དྲ་མང་མཉམ་འདྲེས”བྱས་ནས་ཏང་རྩ་འཛུགས་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཕྱོགས་ཁག་ཧུར་ཐག་ཞུགས་པ། བཅོས་སྐྱོང་ཞབས་ཞུ་གཞི་གཅིག་ཅན་བཅས་ཀྱི་གྲོང་གསེབ་ཀྱི་བཅོས་སྐྱོང་རྣམ་པ་ཆགས་པར་བྱས་ཏེ་ཏང་ཡོན་ཞུགས་ཚད་དང་ཏང་ཡོན་གྱིས་ལེགས་སྐྱེས་འབུལ་བར་ཤུགས་སྣོན་བརྒྱབ་ཡོད། གྲོང་ཚོ་ཡོངས་ཀྱི་དྲ་དཔོན་དང་། དྲ་མིག་པ། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི་བཅས་ལས་ཏང་ཡོན་གྱིས་བཟུང་བའི་བསྡུར་ཚད་100%དང་། 100% 66.7%བཅས་སོ་སོར་ཟིན་པ་མ་ཟད། གཉིས་ལྡན་དུད་སྦྲེལ་མི་རེ་ངོ་རེར་ཏང་ཡོན་གྱི་ལྟེ་བའི་དུད་ཚང་1ནས་2བར་གཏན་འཁེལ་བྱས་ཏེ་ཞབས་ཞུ་དང་དོ་དམ་དུད་སྦྲེལ་ལ་ཁྱབ་པར་བྱས་པ་རེད།

    ཤང་ཏང་ཨུད་ཀྱི་སྤྱི་འདོམས་བཅོས་སྐྱོང་སྟོབས་ཤུགས་དང་། ཏང་ཀྲི་པུའི་སྤྱི་འདོམས་བཅོས་སྐྱོང་དཔུང་ཁག དྲ་མིག་ཚོགས་ཆུང་གི་སྤྱི་སྒྲུབ་བཅོས་སྐྱོང་ལས་འགན་བཅས་ལ་བརྟེན་ནས་བཅོས་སྐྱོང་སྟོབས་ཤུགས་གཅིག་སྒྲིལ་དང་། སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་བྱེད་ཐབས་ཁ་གསལ་བཟོ་བ་བཅས་བྱས་པ་དང་། “གྲངས་འཛིན་གྲོང་གསེབ”བཅོས་སྐྱོང་ཞབས་ཞུའི་ལས་སྟེགས་ནང་འདྲེན་བྱས་ནས་སྐད་འཕྲིན་སྤྱི་རྟགས་བརྒྱུད་མང་ཚོགས་སྔར་བས་བཅོས་སྐྱོང་ཞབས་ཞུར་ཞུགས་ཐུབ་པ་དང་། ཏང་དོན་དང་། གྲོང་དོན། ནོར་དོན་བཅས་དེ་བས་དུས་ཐོག་ཏུ་ཤེས་རྟོགས་དང་། སྐར་གསོག་དོ་དམ་ལ་ཧུར་ཐག་ཞུགས་པ་བཅས་བྱས་ནས་བཅོས་སྐྱོང་ཚད་ལྡན་ཅན་དང་། ཞབས་ཞུ་ཞིབ་ཚགས་ཅན། དོ་དམ་ཚན་རིག་ཅན་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    “ཕྲན་ཚེགས་རྣམ་པའི་དྲ་མིག་དང་། གསལ་ཐོ། ལྕག་སྐུལ། ཞབས་ཞུ། རམ་འདེགས”བཅས་ཀྱི་བྱེད་སྒོ་སྤེལ་ནས་ཕྱོགས་ཁག་གི་བཅོས་སྐྱོང་སྟོབས་ཤུགས་ལས་གྲུབ་པའི་ལས་འགན་གྱི་གསལ་ཐོ་སྔོན་པོ་དང་ཞབས་ཞུའི་གསལ་ཐོ་དམར་པོ་གསེད་བཀྲོལ་བྱས་པ་དང་། སྒྲོག་འགྲེལ་དང་། ཚབ་སྒྲུབ། འོས་འགན་སྨན་བཅོས། རྒྱུན་འཛིན། སྒོ་རྩར་སྐྱོད་པ་བཅས་ཀྱི་དང་བླངས་ཞབས་ཞུ་ལྔ་གཏིང་ཟབ་ཏུ་སྤེལ་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཕན་འབྲས་ལྡན་པའི་ངང་ཆེ་རུ་བཏང་བ་རེད།

    བློ་སེམས་གཅིག་མཐུན་མཉམ་དུ་ལོངས་སྤྱོད་བྱེད་ལ་སྤྲོ།

    2023ལོའི་ཟླ་7པར་སྒོར་ཁྲི་300བཏང་ནས་བསྐྲུན་པའི་གྲོང་གསེབ་ཀྱི་བདེ་སྐྱིད་སྒོ་ར་སྤྱོད་འགོ་ཚུགས་ནས་འབྲུ་དཀར་གྲོང་ཚོའི“རྒན་གཅིག་གཞོན་གཅིག”གི་རྒན་གསོ་བུ་བཅོལ་གྱི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད་པ་རེད།

    འབྲུ་དཀར་གྲོང་ཚོའི་གནས་རྙིང་ཆིབས་ཐང་སྐྱེ་ཁམས་གླིང་དུ་སྐྱོད་སྐབས། ཝ་དཀར་དང་། རྔ་མོང་བྱ། ཤྭ་བ་ཁྲ་རིས། རྨ་བྱ་སོགས་སྲོག་ཆགས་རིགས་10ལྷག་ཙམ་གྱིས་མི་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག 2023ལོའི་ཟླ་6པར་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེ་བའི་སྐྱེ་ཁམས་གླིང་དེ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ས་མཐོའི་མཐོང་དཀོན་པའི་དངོས་རིགས་ཀྱི་སྲོག་ཆགས་གླིང་དང་པོ་དེ་ཡིན་པ་དང་། གླིང་དེའི་ནང་སྦྲ་གུར་དང་། ཡུལ་སྐོར་སྣེ་ལེན་ལྟེ་གནས། སྲོག་ཆགས་གླིང་ཕྲན། རྐང་རྩེད་སྤོ་ལོ་ཐང་། སྒྲོམ་སྟེགས་སྤོ་ལོ་ཁང་། བྱིས་པའི་རོལ་རྩེད་སྒྲིག་བཀོད་སོགས་ཡོད་པས་ས་གནས་དེ་གའི་མང་ཚོགས་སྤྲོ་གསེང་དུ་སྐྱོད་ཡུལ་ཡག་པོ་ཞིག་ཡིན། 2024ལོར་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི་60བྱུང་ཡོད་པ་རེད།

    འབྲུ་དཀར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་ནན་པོ་བྱས་ཏེ། བྱེད་ཐབས་མང་པོ་སྤྱད་ནས་རྨང་གཞིའི་ཐོན་ལས་སྟོབས་ཆེར་བཏང་བ་དང་འབབ་འཕར་གྱི“ཕྱུག་འགྱུར་ལམ་བུ”རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བ་རེད། 2024ལོར་འབྲུ་དཀར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་མཉམ་སྡེབ་མཉམ་གཉེར་གྱི་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་56བྱུང་ནས། བགོ་འགྲེམས་དང་ཞིང་པ་ལས་མིར་བརྒྱབ་པའི་གླ་ཆ་རིམ་རྩིས་བརྒྱབ་ན་སྒོར་ཁྲི་43.32ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།