AIཡིས་ལོ་ངོ་སྟོང་གི་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་གསང་བ་བརྟོལ་བ།
“90པའི་ནང་སྐྱེས”ཀྱི་ཚོགས་པས་རིག་གནས་གསར་གཏོད་དང་རྒྱུན་འཛིན་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པའི་སྐོར་བཀོད་པ།
“སྔོན་ཆད་དཔེ་དེབ་བརྒྱུད་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁག་ལ་རྒྱུས་ལོན་བྱེད་དགོས་སྟབས། བག་ཆགས་ཟབ་མོ་དེ་ཙམ་མ་བྱུང་། འོན་ཀྱང་། ད་རེས་AIབརྒྱུད་ཡི་གེ་འགུལ་རིས་སུ་བསྒྱུར་བས་བོད་ཀྱི་དམངས་སྲོལ་གཏམ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཐད་ཀར་གསོན་ཉམས་དོད་པོས་ཚོར་བ་མ་ཟད། བརྒྱུད་རིམ་ཧྲིལ་པོར་ང་ཚོས་ཚན་རྩལ་དང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་པའི་དགེ་མཚན་དངོས་སུ་མྱོང་ཚོར་ཐུབ་བྱུང་། དེས་མ་ཚད་འབྲོག་ཁུལ་གྱི་བུད་མེད་ཀྱིས་ལག་ཐོགས་ཁ་པར་སྤྱད་ནས་བརྙན་བླངས་པའི་རྩིད་པས་བཏགས་པའི་རི་མོར་བརྟེན་ན། སྐར་མ་3གྱི་རིང་དེང་རབས་མཛེས་རིག་དང་མཉམ་འདྲེས་ཀྱི་ཁྱིམ་ཆས་ཇུས་འགོད་ཀྱི་ཇུས་གཞི་རག་ཐུབ་ཀྱི་འདུག”ཅེས་གནམ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཀྲང་ཆེ་གེ་མོས་དགའ་ཚོར་ཆེན་པོས་བཤད།
AIམ་ལག་དེ་གསར་སྤེལ་བྱེད་མཁན་ནི་“90པའི་ནང་སྐྱེས”ཀྱི་མི་བདུན་ལས་གྲུབ་པའི་གཞོན་ནུ་ལས་གཏོད་ཚོགས་པ་ཞིག་ཡིན་ཞིང་། ཁོང་ཚོའི་ཚོགས་པའི་གྲས་སུ་ཕ་ཡུལ་དུ་ཕྱིར་ལོག་པའི་གཞོན་ནུ་དང་། སྒྱུ་རྩལ་མཁས་ཅན། AIབཟོ་བཀོད་པ་བཅས་ཡོད། ཁོང་ཚོས་མཐེབ་གཞོང་དང་བརྩི་ཐབས་ལ་བརྟེན་ནས་ལོ་ངོ་སྟོང་གི་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་གསང་བ་བརྟོལ་ཏེ། གོ་ལ་ཧྲིལ་པོའི་བོད་ཀྱི་རིག་གནས་ཤེས་ཚོར་ཨིན་ཇི—ཧྭ་དབྱི་མཚམས་མེད་HUAXISཅེས་པ་གསར་སྤེལ་བྱས་པ་དེས་སྲོལ་རྒྱུན་བོད་ཆས་དར་སྲོལ་ཆེན་པོར་གྱུར་པ་མ་ཟད། ལོ་གཅིག་ནང་ཚུན་དུ་ཐང་ག་བཞེངས་རྩལ་ཁོང་དུ་ཆུད་ཐུབ་པར་བྱས་ཡོད།
2019ལོར། ཚོགས་པ་འཛུགས་མཁན་ཧྲི་ཡུན་ཧྥེ་དང་ཁྱིམ་རྒྱུད་བོད་རུམ་འཐག་མཁན་དང་བོད་ཆས་འཚེམ་མཁན་ཡིན་པའི་ཚེ་རིང་བུ་ཁྲིད་དང་ཚེ་གཡང་དང་། དེ་བཞིན་ཚན་ཚན་ཕྲེང་འབྲེལ་གྱི་རིག་དངོས་ཕུགས་འདེད་ལ་ཞིབ་འཇུག་བྱེད་མཁན་ཅ་ཞུས་ཧུའེ་བཅས་པ་པེ་ཅིང་གི་མི་རིགས་རིག་གནས་འགྲེམས་སྟོན་ཞིག་ཏུ་ངོ་ཤེས། ཁོང་ཚོས་རང་ཉིད་ཀྱི་ལག་རྩལ་ཉམས་མྱོང་ཁྱེར་ནས་བོད་དུ་ལོག་པ་མ་ཟད། ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་རབ་འབྱམས་སློབ་ཐོན་སློབ་མ་ཧྥུང་མོ་ཧན་དང་དེ་བཞིན་ཐང་གའི་ཁྱིམ་རྒྱུད་ནས་ཐོན་པའི་མཛེས་རྩལ་མཁས་ཅན་གཉིས་བསྡུས་པར། “བོད་ཀྱི་རིག་གནས་ཀྱི་གསང་ཨང་བརྟོལ་མཁན་ཚོགས་པ”ཞིག་གྲུབ་ཡོད།
ཚོགས་པ་དེས་བོད་ཀྱི་རིག་གནས་ཤུལ་བཞག་མང་པོའི་ཁྲོད་ནས་མི་རིགས་ཀྱི་རྒྱན་གོས་ཐད་ཀྱི་ལས་ཀར་གཞོལ་འགོ་ཚུགས། ཐོན་རྫས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ཚེ་རིང་བུ་ཁྲིད་ཀྱིས། “རྒྱན་གོས་ནི་གང་ས་ནས་མངོན་པའི་རིག་གནས་མཚོན་རྟཌ་ཤིག་ཡིན”ཞེས་བརྗོད་པ་དང་། ཁོང་གིས། བརྙན་ཤེལ་དུ་ལྷོ་ཁའི་གཉེན་སྟོན་རྒྱན་གོས“རྨ་བྱའི་གྱོན་ཆས”ཀྱི་གསེར་སྐུད་འཚེམ་ཐབས་རིགས་18གྲངས་འཛིན་རི་མོར་ཕབ་པ་དང་། རྩིས་ཐབས་བསྐྱར་སྒྲིག་བྱས་རྗེས་གྲུབ་པའི་དེང་རབས་བོད་ཆས་ཐའོ་པའོ་ལས་སྟེགས་ནས་བཙོངས་པར། ཐོན་རྫས་རྐྱང་པ་ཕྱིར་ཚོང་བྱེད་ཚད་ཁྲི་23ཟིན་ཡོད་ཅེས་བརྗོད།
མ་ལག་དེའི་རྒྱབ་ཏུ་སྲོལ་རྒྱུན་གྱི་ཁྲ་རིས་སྣ་ཁ་1500ཡི་གཞི་གྲངས་མཛོད་ཡོད་ཅིང་། རི་མོ་ཐོག་མར་གྲུབ་སྐབས་གཞི་རྒྱུ་འཁྲུལ་བ་སོགས་ཀྱི་གནད་དོན་བྱུང་ཡོད། ལག་རྩལ་འགན་འཁུར་བས། ཧྭ་དབྱི་མཚམས་མེད་AIཡི་བརྩི་ཐབས་ལ་ནོར་འཛོལ་མི་ཡོང་བར་བྱ་ཆེད། ཚོགས་པས་བོད་ཀྱི་རིག་གནས་ཁྲོད་ཀྱི་འཛེམ་བྱ་ཁག་ཁྲི་11ཚུད་པའི་ཤེས་བྱའི་དཔེ་རིས་བཟོས་པ་དང་། རིམ་སྤོར་རྗེས་ཀྱི་ཧྭ་དབྱི་མཚམས་མེད་AIཡི་བརྩི་ཐབས་ཀྱིས་འཁྲུལ་སླ་བའི་གནས་ཚུལ་སྣ་ཚོགས་རང་འགུལ་ངང་སྔོན་བརྡ་གཏོང་ཐུབ་ཅེས་ངོ་སྤྲོད་བྱས།
ཚོགས་པར་བོད་དུ་ལས་གཏོད་བྱེད་པའི་དགེ་མཚན་སྐོར་འདྲི་སྐབས། ཚོགས་པ་འཛུགས་མཁན་གྱིས་གྲངས་གཞི་སྐོར་ཞིག་བསྟན་པ་སྟེ། ཚོགས་པས་རྒྱལ་རྩེ་རྫོང་དུ་སྤེལ་བའི་བོད་རུམ་གྱི་ཁྲ་རིས་གྲངས་འཛིན་ཅན་གྱི་རྣམ་གྲངས་ལ་སྲིད་གཞུང་གི་ཁ་གསབ་30%རག་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག གྲོང་གསེབ་ཀྱི་མཉམ་ལས་ཁང་23ལ་AIཡི་ཇུས་འགོད་བྱེད་སྟངས་གསོ་སྦྱོང་བྱེད་བཞིན་ཡོད། “འདི་གའི་རྫོང་ཚང་མར་སྔོག་རིན་ཡོད་པའི་རིག་གནས་ཀྱི་བརྟ་རྟགས་ཡོད” ཚོགས་པས་གསར་སྤེལ་བྱས་པའི་AIཡིས་ཐང་ག་བཞེངས་སྐབས་མི་སྣའི་ཆ་ཚད་འཚམ་མིན་ལ་རང་འགུལ་ངང་ཞིབ་དཔྱད་ཚད་ལེན་ཐུབ་པ་མ་ཟད། འབྲེལ་ཡོད་ཀྱི་ལག་རྩལ་ལ་མི་རིགས་རིག་གནས་བརྩི་ཐབས་ཀྱི་ཁེ་བེད་བདག་ཐོབ་ཀྱང་ཁག་4ཐོབ་ཡོད།
གྲངས་འཛིན་ལྡེབས་རིས་ཀྱི་གློག་སྒམ་གྱི་མངགས་ཐོ་ཐོག་མར་སྒོར་ཁྲི་3རག་པ་ནས་ད་ཆའི་རྒྱན་གོས་དང་། ཐང་ག ལྷ་མོ་བཅས་ལ་ཁྱབ་པའི་རིག་གནས་བསམ་བཀོད་ཐོན་ལས་བར། གཞོན་ནུ་དེ་དག་གིས“གདུབ་ཟུམ་ཆུང་ངུའི་ར་སྤྲོད”ཀྱི་ཚོང་ལས་ཐབས་ཇུས་ལ་བརྟེན་ནས་མུ་མཐུད་གཉེར་སྐྱོང་བྱེད་བཞིན་ཡོད། ཁོང་ཚོའི་རྣམ་གྲངས་ཀྱི་ངེས་གནས་བཞིན་དུ། ཧྭ་དབྱི་མཚམས་མེད་AIཡི་བརྩི་ཐབས་སྤྱད་དེ་གྲངས་འཛིན་གྱི་ཕོ་བྲང་པོ་ཏ་ལ་བསྐྲུན་པ་སྟེ། འོག་ཤོད་ནི་ལོ་ངོ་སྟོང་གི་རིག་གནས་གཞི་རྒྱུའི་མཛོད་ཡིན་པ་དང་། བར་རིམ་ནི་རིག་ནུས་ཡོ་བྱད་འཁོར་འབྲེལ་ཡིན་པ། རྩེ་མོ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་པ་དང་སྦྲེལ་ཡོད་པ་རེད།