དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དངུལ་ཁང་གིས་རྒན་གསོའི་དངུལ་རྩའི་ཞབས་ཞུ་བཏོན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    བོད་ལྗོངས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གི་རྒན་རྒོན་གྱི་ཞབས་ཞུའི་ཆེད་དོན་ཁུལ་དུ་ལོ་75ལ་སླེབས་པའི་བགྲེས་སོང་ཟླ་བས་འཛུམ་འཚེར་འཚེར་ངང་། “དེ་སྔ་དངུལ་ཁང་དུ་ལས་སྒོ་གཉེར་སྐབས་ལས་རིམ་རྙོག་འཛིང་ཆེ་ལ་དུས་ཡུན་རིང་པོ་འགོར་གྱི་ཡོད། འོན་ཀྱང་ད་ཆ་ཆེད་མངགས་རྒན་རྒོན་ལ་དམིགས་པའི་གཅེས་སེམས་སྐར་ཁུང་བཙུགས་ཡོད་སྟབས། ལས་སྒོ་གཉེར་བར་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བཤད།

    ད་ཕན་ལོ་ཤས་རིང་། བོད་ལྗོངས་དངུལ་ཁང་གིས་རྒན་རྒོན་གྱི་དམིགས་བསལ་དགོས་མཁོར་གཞིགས་ནས་རིམ་པ་མང་བའི་ཞབས་ཞུའི་མ་ལག་བཙུགས་ཏེ་ལག་ཐོགས་ཁ་པར་དངུལ་ཁང་གི་བོད་ཡིག་པར་གཞི་དང་ཡིག་ཆེན་པར་གཞིའི་APPབཟོས་པར། ཡིག་གཟུགས་ཧ་ཅང་ཆེ་ལ་གསལ་པོ་ཡོད་པ་མ་ཟད། ད་དུང་བཀོལ་སྤྱོད་ལས་རིམ་སྟབས་བདེ་བ་དང་རིག་ནུས་སྐད་བརྡའི་ཞབས་ཞུ་སྒྲིག་སྦྱོར་བྱས་པས་མཐོང་ཐུབ་པའི་བཀོལ་སྤྱོད་མཛུབ་ཁྲིད་བྱས་པ་བརྒྱུད་སྤྱོད་མཁན་རྒན་རྒོན་ལ་གྲངས་འཛིན་གྱི་དཀའ་གནད་སེལ་རོགས་བྱས་པ་དང་དུས་མཚུངས། རྒན་རྒོན་ལ་འཕྲོད་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་རྒན་རྒོན་གྱི་ཞབས་ཞུའི་ཆེད་དོན་ཁུལ་བཙུགས་ནས་རིག་ནུས་སྒྲོམ་སྟེགས་དང་ལག་ཐོགས་ཁ་པར་དངུལ་ཁང་སོགས་རིག་ནུས་སྒྲིག་ཆས་སྤྱོད་རྒྱུར་གོམས་མེད་པའི་སྤྱོད་མཁན་ཁུལ་ཁོངས་དེར་ཁྲིད་དེ་ལས་རིམ་ཧྲིལ་པོར་སྒྲུབ་རོགས་རྣམ་པའི་ཞབས་ཞུ་དང་། དེ་བཞིན་ཆེད་མངག་བློ་འདྲིའི་ཞབས་ཞུ་བསྒྲུབས་པ་མ་ཟད། ཐོགས་མེད་བགྲོད་ལམ་དང་། གཅེས་སེམས་རྐུབ་སྟེགས། སྨན་བཅོས་མྱུར་སྐྱོབ་སྒམ་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས། ལས་སྒོ་གཉེར་རིང་རྒན་རྒོན་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་སྟེ་ནུས་པ་ཆེ་ལ་དྲོ་སྐྱིད་ལྡན་པའི་དངུལ་རྩའི་ཞབས་འདེགས་ཞུས་ཡོད། ཐག་རིང་ས་ཁུལ་ལ་དམིགས་ནས་རང་འགུལ་ངང་ལས་སྒོ“སྒོ་ཁར་གཉེར་བ”དང་འཁྱེར་བདེ་རྣམ་པའི་རིག་ནུས་མཐའ་སྣེའི་སྒྲིག་ཆས་སྤྱད་དེ་རྐང་ལག་ཐང་པོ་མེད་པའི་རྒན་རྒོན་ལ་སྤྱི་ཚོགས་འགན་བཅོལ་གཱ་ནུས་སློང་དང་ཐོ་ཁོངས་འདྲི་རྩད་སོགས་ཀྱི་ཞབས་འདེགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།