དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཁབ་གློག་དྲ་མེ་ཏོག་རྫོང་གློག་འདོན་ཀུང་སིས་མཉམ་ལས་ལས་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    ཉེ་ཆར། རྒྱལ་ཁབ་གློག་དྲ་མེ་ཏོག་རྫོང་གློག་འདོན་ཀུང་སིས“སྟབས་བདེའི་སྦྱོང་བརྡར་རྟེན་གཞིར”བརྟེན་ནས་མཉམ་ལས་ལས་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བའི་ཆེད་དོན་གསོ་སྦྱོང་བྱས་ཤིང་། “རིགས་པའི་གཞུང་ལུགས་ཀྱི་གཞི་རྐང་འཛུགས་པ་དང་། རྣམ་པ་འདྲ་བཟོ། བཀོལ་སྤྱོད་སྦྱོང་བརྡར་བཅས”ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་ནས་བདེ་འཇགས་ཚད་ལྡན་དུ་གཏོང་བ་དེ་འཐབ་ས་དང་པོའི་ལས་ཡུལ་གྱི་ལྷུ་ཚིགས་སུ་བཅུག་སྟེ་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ཡོད།

    རིགས་པའི་གཞུང་ལུགས་སློབ་ཁྲིད་བྱེད་སྐབས། “གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་རང་བརྟེན་ངང་འཚོལ་ཞིབ་བྱེད་པ་ཟུང་དུ་འབྲེལ་བའི”བྱེད་སྟངས་ལ་བརྟེན་ནས། སྒྲིག་སྲོལ་ལས་འགལ་བའི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་དང་། གནད་དོན་ཡོད་པའི་ལས་སྒྲུབ་འཛིན་ཤོག་ལ་གསེད་བཀྲོལ། སློབ་མར་རྒྱུན་མཐོང་གི་བདེ་འཇགས་མངོན་མེད་རྐྱེན་ངན་རང་རྟོགས་ངང་ངོས་འཛིན་བྱེད་ཐབས་ལ་ཁྲིད་སྟོན་བཅས་བྱས་པ་མ་ཟད། བདེ་འཇགས་ཚད་ལྡན་དུ་གཏོང་བའི་འབྲེལ་ཡོད་དོན་ཚན་ལ་གཞིགས་ནས་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སློབ་མར་བརྒྱུད་རིམ་ལྡན་པའི་བདེ་འཇགས་ངོས་འཛིན་གྱི་མ་ལག་ཅིག་ཆགས་པར་ཡང་རོགས་རམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།