མཚོ་བོད་ཚོགས་པ་ཀུང་སིས་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་27.67སྐྱེལ་འདྲེན་བྱས་པ།
གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ་མཚོ་བོད་ཚོགས་པ་ཀུང་སི་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་ལྕགས་ལམ་ནས་འགྲུལ་པ་སྐྱེལ་འདྲེན་ལས་དོན་བདེ་བླག་ངང་མཇུག་འགྲིལ་ཞིང་། རིམ་རྩིས་བརྒྱབ་ན་མཚོ་བོད་ཚོགས་པ་ཀུང་སིས་འགྲུལ་པ་མི་ཐེངས་ཁྲི་27.67སྐྱེལ་འདྲེན་བྱས་པའི་ནང་ཟླ་5ཚེས་31ཉིན་འགྲུལ་པ་མང་ཤོས་ཡིན་པ་དང་ཉིན་དེར་འགྲུལ་པ་མི་ཐེངས་ཁྲི་6.4སྐྱེལ་འདྲེན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲུལ་པ་རྣམས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྐོང་བ་དང་ཆབས་ཅིག མཚོ་བོད་ཚོགས་པ་ཀུང་སིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཉིན་མོར་ཟི་ལིང་དང་། གོར་མོ། ལྷ་ས་བཅས་བབས་ཚུགས་སུ“སྤྲོ་སྣང་ལྡན་པའི་ཡུལ་སྐོར་ལ་བརྟེན་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་ལ་རོལ་བའི”རིག་གནས་མཉམ་འགུལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།