དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་རྒྱལ་ཡོངས་སུ་ནས་ཀྱི་མ་གནས་ཧྲིལ་པོའི་འགན་བཅོལ་ཐོག་མར་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-06-06

    ཉེ་ཆར། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཞིང་ལས་གྲོང་གསེབ་ཐིང་དང་རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བོད་ལྗོངས་ལྟ་འདོམས་ཅུས་དང་མཉམ་དུ《ལྗོངས་ཡོངས་སུ་ནས་དང་། འབྲས་སོབ། གྲོ མ་རྨོས་ལོ་ཏོག་བཅས་ཀྱི་མ་གནས་ཧྲིལ་པོའི་འགན་བཅོལ་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་རྒྱལ་ཡོངས་སུ་ནས་ཀྱི་མ་གནས་ཧྲིལ་པོའི་འགན་བཅོལ་ཐོག་མར་བཏོན་ཡོད། དེས་ན། རང་ལྗོངས་སུ་འབྲུ་རིགས་ལོ་ཏོག་གཙོ་བོའི་མ་གནས་ཧྲིལ་པོའི་འགན་བཅོལ་ཁྱོན་ཡོངས་ལ་ཁྱབ་ནས་རྒྱ་ཆེའི་ཞིང་དུད་ཀྱི་འབྲུ་རིགས་ཐོན་འབབ་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྲིད་ཇུས་ལག་ལེན་བསྟར་རྗེས། རང་ལྗོངས་ཀྱི་འབྲུ་རིགས་ལོ་ཏོག་གཙོ་བོའི་འགན་བཅོལ་འགན་སྲུང་གི་ཆུ་ཚད་མཐོ་རུ་ཆེས་ཆེར་འགྲོ་རྒྱུ་ཡིན་ཞིང་། ནས་དང་འབྲས་སོབ་ཀྱི་འགན་བཅོལ་འགན་སྲུང་ཆུ་ཚད་དེ་སྔའི་མུའུ་རེར་སྒོར་380ནས་སྒོར་800བར་འཕར་བ་དང་། གྲོ་མུའུ་རེར་སྒོར་350ནས་སྒོར་750བར་འཕར་བ། མ་རྨོས་ལོ་ཏོག་མུའུ་རེར་སྒོར་380ནས་སྒོར་900བར་འཕར་བ་བཅས་འབྲུ་རིགས་ཐོན་སྐྱེད་ཀྱི་མ་གནས་དངོས་ལ་དེ་བས་ཡག་པོ་ཁྱབ་ཡོད། འགྲོ་གྲོན་ཐད། རིམ་ཁག་ནོར་སྲིད་ཀྱིས་འགན་བཅོལ་ཞུ་གྲོན་བསྡོམས་འབོར་གྱི་96%འགན་ཁུར་ཡོད་པ་དང་། ཞིང་དུད་ཀྱིས་4%ལས་འགན་འཁུར་དགོས་ཀྱི་མེད་པས་འགན་བཅོལ་གྱི་ཁུར་པོ་ཆེས་ཆེར་ཡང་དུ་ཕྱིན་ཡོད་པ་རེད།

    འབྲུ་རིགས་གཙོ་བོའི་མ་གནས་ཧྲིལ་པོའི་འགན་བཅོལ་ཡོངས་སུ་བཏོན་པ་ནི། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་ཞིང་དུད་ཀྱིས་དོ་ཁུར་བྱེད་པ་དང་འབྲུ་རིགས་ལོ་ཏོག་འདེབས་པའི་སྔོན་དཔག་བརྟན་པོ་ཡོང་བར་ལན་བསློགས་པའི་དངོས་སྒྲུབ་བྱེད་ཐབས་ཤིག་ཀྱང་རེད། འགན་བཅོལ་དེ་དངོས་འགྱུར་གྱི་མ་གནས་དང་། ས་ཞིང་གི་མ་གནས། ལས་མིའི་གླ་ཆ་སོགས་ཞིང་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཡོངས་ཀྱི་མ་གནས་ལ་ཕྱོགས་ཡོངས་ནས་ཁྱབ་ཡོད་པས། འབྲུ་རིགས་འདེབས་མཁན་གྱི་ཉེན་ཁར་འགན་ལེན་གང་ལེགས་ཐུབ་ཡོད། འགན་སྲུང་བྱ་ཡུལ་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་གི་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ཞིང་དུད་དང་ཞིང་དུད་ཆུང་གྲས་སོགས་ཞིང་དུད་ཡོངས་དང་། དེ་བཞིན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་སྣ་ཚོགས་ལ་ཁྱབ་ནས། འབྲུ་རིགས་ལོ་ཏོག་འདེབས་མཁན་ཚང་མར་སྲིད་ཇུས་ཀྱི་ཁེ་འབབ་ཐོབ་པའི་འགན་ལེན་ཐུབ་ཡོད། འགན་བཅོལ་འགན་འཁྲིའི་ནང་རང་ལྗོངས་ཀྱི་རང་བྱུང་གནོད་འཚེ་གཙོ་བོ་དང་། ནད་འབུ་དང་བྱི་བའི་གནོད་འཚེ་ཚབས་ཆེན། ཐོལ་བྱུང་གི་ལས་འཛོལ། དེ་བཞིན་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་སོགས་ཀྱི་ཉེན་ཁ་ཚུད་ཡོད་པས། འབྲུ་རིགས་ཐོན་སྐྱེད་ལ་ཕྱོགས་ཡོངས་ཀྱི་ཉེན་ཁ་འགོག་པའི་དྲ་བ་བསྐྲུན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།