དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨེ་ཅིབ་ཀྱིས་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་གྲོང་ཁྱེར་གཉེར་སྐྱོང་ལག་བསྟར་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-06-05

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉིན་ཤས་གོང་ཨེ་ཅིབ་ཀྱི་གྲོང་ཁྱེར་གསར་པའི་སྡེ་ཁུལ་དོ་དམ་ཅུས་དང་ཀྲུང་ཨེའི་མ་རྩ་མཉམ་འཇོག་ཁེ་ལས་ཀྱི་ས་ངོས་སྙོམ་ཐིག་གཉེར་སྐྱོང་དོ་དམ(ཨེ་ཅིབ)མ་རྐང་ཚད་ཡོད་ཀུང་སིས་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པར་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་གྲོང་ཁྱེར་གཉེར་སྐྱོང་ལག་བསྟར་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། གྲོས་མཐུན་གཞིར་བཟུང་། ས་ངོས་སྙོམ་ཐིག་གཉེར་སྐྱོང་དོ་དམ་ཀུང་སིས་སྲིད་འཛིན་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་གཉེར་སྐྱོང་བྱེད་འགན་འཁུར་རྒྱུ་དང་དུས་འགོར་སྡེ་ལས་དོ་དམ་དང་གྲོང་ཁྱེར་དོ་དམ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།