ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་སྦྲག་སྲིད་མྱུར་སྐྱེལ་ལྟེ་གནས་བསྐྲུན་པ།
གསར་འགོད་པས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་སྦྲག་སྲིད་མྱུར་སྐྱེལ་ལྟེ་གནས་བསྐྲུན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཆེད་སྤྱོད་ལམ་ཐིག་ནས་མགྱོགས་ཤོས་ཆུ་ཚོད་16ནང་ནན་ཉིང་ནས་ཧ་ནོ་དབྱི་བར་ཐད་ཀར་སླེབས་ཐུབ་པ་དང་། ཀྲུང་གོ་དང་ཐེ་ལན་གྱི་ཆེད་སྤྱོད་ལམ་ཐིག་ནས་མགྱོགས་ཤོས་ཆུ་ཚོད་36ནང་ནན་ཉིང་ནས་པང་ཁོག་བར་ཐད་ཀར་སླེབས་ཐུབ། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱིས་ཟོག་འདྲེན་གནམ་གྲུ་མང་པོ་བཏང་སྟེ་ནན་ཉིང་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི“ཆུ་ཚོད་4རིང་གི་མཁའ་འགྲུལ་ཟོག་འགྲེམས་འཁོར་རྒྱ”འཛུགས་རྒྱུའི་ནང་ཞུགས་པ་དང་། “ཆུ་ཚོད་14ཡི་རྒྱལ་སྒྲོལ་ཤར་གཏོང”གི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་དུས་གཏན་མེ་འཁོར་ཝེ་ཐེ་ནམ་གྱི་བཟོ་ལས་དང་ཞིང་ལས་ཐོན་ལས་ཚོ་འདུས་ཡོངས་ལ་ཁྱབ་ཡོད། ཀོང་ཤིས་སྦྲག་སྲིད་མྱུར་སྐྱེལ་དྲ་བས“གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། རྒྱལ་ཡོངས་སུ་ཤར་གཏོང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་འབྲེལ་མཐུད། གོ་ལ་ཧྲིལ་པོ་དང་སྦྲེལ་བ”བཅས་མངོན་འགྱུར་བྱུང་ཡོད།
ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མོ་ཙུའུ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་མྱུར་སྐྱེལ་ཟོག་འགྲེམས་ཁེ་ལས་ཀྱི་སྤྱི་ཁྱབ་པུའུ་མང་པོས་ཀོང་ཤིས་སུ་རྟོག་ཞིབ་བྱས་ནས་ལྟེ་གནས་ཀྱི་བྱེད་ནུས་རྣམ་གྲངས་དང་དེ་བཞིན་རྒྱལ་སྤྱིའི་ལས་སྒོ་དང་མཁོ་སྤྲོད་འཁོར་འབྲེལ་སོགས་ཞབས་ཞུའི་བྱེད་ནུས་ལག་བསྟར་བྱས་ཏེ། ཀོང་ཤིས་འདི་ཉིད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱོགས་པའི་རྒྱལ་སྒྲོལ་ལས་སྒོའི་འཐབ་ཇུས་ཀྱི་རྟེན་ས་དང་བགྲོད་ལམ་གཙོ་བོར་བརྩིས་ཡོད། མིག་སྔར། ལྟེ་གནས་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།