ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ནང་གི་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར་1.19ཟིན་པ།
རིག་གནས་དང་ཡུལ་སྐོར་པུས་ཟླ་6ཚེས་3ཉིན་2025ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་རེད། ཚད་ལེན་ཞིབ་རྩིས་ལྟར་ན། གུང་གསེང་ཉིན་3གྱི་རིང་རྒྱལ་ཡོངས་ཀྱི་རྒྱལ་ནང་གི་ཡུལ་སྐོར་དུ་འགྲོ་མཁན་མི་ཐེངས་དུང་ཕྱུར་1.19ཟིན་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་427.30ཟིན་པ་དེ་དུས་མཚུངས་ལས་5.9%འཕར་ཡོད།
འདི་ནི་ཟླ་6ཚེས་2ཉིན། ཡུལ་སྐོར་བས་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་སན་ཡ་མཚོ་ཁུག་ཏུ་ཆུ་རྩེད་རྩེ་བཞིན་པ།