དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་གློག་ཁང་གིས་གློག་གཏོང་འགོ་ཚུགས་པའི་གཞི་ཁྱོན་ཆན་ཝ་ཁྲི་5800ལས་བརྒལ་བ།

    གློག་འདོན་ཚད་ལོ་9བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-05

    ཉེ་ཆར། ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《2024ལོ་འཁོར་གྱི་ཀྲུང་གོའི་བསྐྱར་སྐྱེས་ནུས་རྒྱུ་འཕེལ་རྒྱས་སྙན་ཞུ》ལས་མངོན་པར། 2024ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་གི་ཐོན་སྐྱེད་བྱེད་འགོ་ཚུགས་པའི་གཞི་ཁྱོན་ཆན་ཝ་ཁྲི་5800ལས་བརྒལ་བ་དང་། 2024ལོར་ཆུ་འཐེན་ནུས་གསོག་གི་ཐོན་སྐྱེད་བྱེད་འགོ་ཚུགས་པའི་གཞི་ཁྱོན་ཆན་ཝ་ཁྲི་775འཕར་བ། ལོ་ཧྲིལ་པོར་ཞིབ་དཔྱད་ཆོག་འཐུས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་23མང་དུ་བཏང་བ་བཅས་རེད། རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་འཕྲུལ་འཁོར་ནས་གློག་འདོན་ཚད་ལོ་9བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། རི་པིན་དང་ཨ་རི་གཉིས་ཆུ་འཐེན་ནུས་གསོག་འཕྲུལ་འཁོར་ནས་གློག་འདོན་ཚད་ཨང་གཉིས་པ་དང་གསུམ་པ་སོ་སོར་སླེབས་ཡོད་པ་རེད།

    འཕེལ་རྒྱས་ཀྱི་རྣམ་པ་ནས་བལྟས་ན། ཆུ་འཐེན་ནུས་གསོག་གློག་ཁང་རིམ་བཞིན་ཤར་ནས་ནུབ་རྒྱུད་དུ་གཞི་ཁྱོན་ལྡན་པར་འཕེལ་རྒྱས་འགྲོ་བཞིན་ཡོད། ལས་གྲྭའི་ཁྱད་ཆོས་ནས་བལྟས་ན། སྐྲུན་བཞིན་པའི་འཕྲུལ་ཚན་གྱི་ཆུ་མགོ་མཐོ་བ་དང་། འཕྲུལ་འཁོར་རྐྱང་པའི་ཤོང་ཚད་ཆེ་བའི་འཕེལ་ཕྱོགས་མངོན་ལ། མྱུར་ཚད་སྒྱུར་བའི་འཕྲུལ་ཚན་རྒྱལ་ཐོན་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཏེ། ཆུ་འཐེན་ནུས་གསོག་ལག་རྩལ་གྱི་རྩད་ཞིབ་ཚད་ལེན་དང་། ཨར་ལས། སྒྲིག་ཆས་བཟོ་སྐྲུན་སོགས་ལ་ཚད་བརྒལ་བྱུང་ཡོད་པ་རེད།

    རང་རྒྱལ་གྱི་ཆུ་འཐེན་ནུས་གསོག་ས་ཚིགས་ཀྱི་ཐོན་ཁུངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། འབྲེལ་ཡོད་སྙན་ཞུ་ལས་མངོན་པར། ས་ཁམས་གནས་ཡུལ་དང་། ཆུ་འགོའི་ཆ་རྐྱེན། ཐོག་མའི་དཔལ་འབྱོར་རང་བཞིན་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། རྒྱལ་ཡོངས་སུ་ཡོངས་ཁྱབ་ཞིབ་བཤེར་དང་གདམ་གསེས་བྱས་པའི་ཐོན་ཁུངས་ས་ཚིགས་ཀྱི་སྤྱིའི་གཞི་ཁྱོན་ཆན་ཝ་དུང་ཕྱུར་16(བསྐྲུན་ཟིན་པ་དང་། སྐྲུན་བཞིན་པ། འཆར་འགོད་ས་ཚིགས་བཅས་ཚུད་ཡོད)ཟིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བར་ཆུ་འཐེན་ནུས་གསོག་ས་ཚིགས་ཀྱི་ཐོན་ཁུངས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།