2025ལོའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རླངས་འཁོར་འགྲེམས་སྟོན་འགོ་ཚུགས་པ།
ཉེ་ཆར། 2025ལོའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རླངས་འཁོར་འགྲེམས་སྟོན་ཧྲེན་ཀྲེན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས(པའོ་ཨན)སུ་བྱས་ཤིང་། ད་ཐེངས་ཀྱི་རླངས་འཁོར་འགྲེམས་སྟོན་གྱིས“ཚན་རྩལ་དང་། འབྱུང་འགྱུར། ཁྲོམ་ར་བཅས་ལ་ཕྱོགས་པ”བརྗོད་དོན་གཙོ་བོར་བྱས་པ་དང་། ས་ཁྱོན་སྨི་ངོས་གྲུ་ཁྲི་26བཟུང་ཡོད། རླངས་འཁོར་འགྲེམས་སྟོན་བྱེད་རིང་། རླངས་འཁོར་སྤུས་རྟགས་ཁེ་ལས་བརྒྱ་ལྷག་ཙམ་གྱིས་རླངས་འཁོར་གསར་པ་ཆིག་སྟོང་ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། འདི་ནི་ལྟད་མོ་བས་རླངས་འཁོར་འགྲེམས་སྟོན་བྱ་ཡུལ་དུ་ལྟད་མོ་ལྟ་བཞིན་པ།