རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས།
བྱུག་རྫས་ལས་རིགས་ལ་དམིགས་ནས“གཅིག་གཏད་གཅིག”གི་མཛུབ་ཁྲིད་ཞབས་འདེགས་ཞུས་པ།
ཉེ་ཆར། རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་རང་ལྗོངས་ཀྱི་བྱུག་རྫས་ལས་རིགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིཌ་ནས། ཁོངས་གཏོཌ་ཁུལ་གྱི་བྱུག་རྫས་ཐོན་སྐྱེད་ཁེ་ལས་3དང་བྱུག་རྫས་ཐོ་འགོད་མཁན་དང་སྙན་དཔོད་མཁན་2ལ“གཅིག་གཏད་གཅིག”གི་གནད་སྨིན་མཛུབ་ཁྲིད་ཞབས་འདེགས་ཞུས་པ་དང་། ཁེ་ལས་ལ་ཚད་ལྡན་ཐོན་སྐྱེད་གཉེར་སྐྱོང་བྱེད་རོཌ་བྱས་ཏེ། བྱུག་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲུང་ཆིང་གྲོང་ཁྱེར་གྱི་བྱུག་རྫས་དཔྱད་བཤེར་དང་ཞིབ་བཤེར་ཐད་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ལྟ་འདོམས་པ་དང་མཉམ་དུ་ཆེད་ལས་མཛུབ་ཁྲིད་ཚོགས་པ་བཙུགས་ཏེ། ས་ཡུལ་དངོས་སུ་བཞུགས་མོལ་དང་དཔྱད་གཞི་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བྱུག་རྫས་ཐོ་འགོད་ཀྱི་བརྒྱུད་རིམ་དང་། ཐོན་སྐྱེད་ཀྱི་སྤུས་ཚད་དོ་དམ་ཚད་གཞི་ལག་ལེན་བསྟར་ཚུལ། མཆན་རྟགས་དང་ངོ་རྟགས་ཀྱི་སྲོལ་མཐུན་རང་བཞིན་སོགས་ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་གནད་སྨིན་མཛུབ་ཁྲིད་ཚད་ལྡན་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་སྤུས་ཚད་དོ་དམ་མ་ལག་སྔར་བས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།