དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཏང་ཨུད་རྩ་འཛུགས་པུས་རྩ་འཛུགས་ལས་དོན་ལས་བྱེད་པའི་འཆད་ཁྲིད་ཁང་ཆེ་མོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-05

    ཉེ་ཆར། ལྗོངས་ཏང་ཨུད་རྩ་འཛུགས་པུས་རྩ་འཛུགས་ལས་དོན་ལས་བྱེད་པའི་འཆད་ཁྲིད་ཁང་ཆེ་མོ་གཉེར་ནས་རབས་གསར་པའི་མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་དང་བཀོལ་སྤྱོད་ལ་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་བློ་མཐུན་ཉི་མ་བཀྲ་ཤིས་ཀྱིས་གདན་ཞུས་ལྟར་ཆེད་དོན་འཆད་ཁྲིད་གནང་བ་རེད།

    ལའེ་ཅའོ་ཡིས་མི་ཐབས་རིག་ནུས་ཀྱིས་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་ཉེན་ཁའི་འགྲན་སློང་ཡང་བཟོས་ཡོད། རྩ་འཛུགས་སྡེ་ཚན་གྱིས་གྲངས་གཞི་ཆེན་པོ་དང་མི་ཐབས་རིག་ནུས་ལག་རྩལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་དང་ཆབས་ཅིག་གསང་གྱར་ཉེན་ཁ་སྔོན་འགོག་ཨང་དང་པོར་བཞག་ནས་སྔོན་ཐོན་གྱི་གསང་སྡོམ་དང་། ལྟ་སྤྱོད་ཚོད་འཛིན། བདེ་འཇགས་རྩིས་བཤེར་སོགས་ཀྱི་ལག་རྩལ་སྤྱད་དེ་དུས་བཀག་ལྟར་བདེ་འཇགས་ཞིབ་བཤེར་དང་ཉེན་ཁར་ཚོད་སྐོར་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མེད་པར་བཟོ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།