དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་སྨན་བཅོས་བོད་སྐྱོར་གྱིས།

    བརྩེ་སེམས་ཟབ་མོས་ས་མཐོའི་བུ་ཕྲུག་གི་བདེ་ཐང་བསྲུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-05

    ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་ཐོག་དངོས་སུ་བཀབ་པ་རེད། ལས་གྲྭ་དེ་ནི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་སྨན་བཅོས་བོད་སྐྱོར་གྱི་ལས་གྲྭ་གཙོ་བོ་ཞིག་ཡིན་ལ། ཆིང་ཏའོ་ཡི་བོད་སྐྱོར་ལོ་རྒྱུས་ཐོག་མ་དངུལ་མང་ཤོས་བཏང་བའི་ལས་གྲྭ་ཞིག་ཀྱང་རེད།

    འཕྲོད་བསྟེན་གྱི་མཁྲེགས་ཆས་གསར་པ་བརྗེས་ནས།

    བདེ་ཐང་གི་རྨང་རྡོ་བརྟན་པོ་བཏིང་བ།

    2024ལོའི་ཟླ་8པར་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དངོས་སུ་འགོ་ཚུགས་པ་དེར་མ་དངུལ་སྒོར་ཁྲི་9000ལྷག་ཙམ་བཏང་བ་རེད། གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་གྱི་མདུན་དུ་ཆིང་ཏའོ་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ཚོགས་ཆུང་གིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་སྙིང་སྟོབས་ཆེར་སྐྱེད་ཀྱིས་རྣམ་གྲངས་བདེ་བླག་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    2024ལོའི་ཟླ་11པར་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ཚོགས་ཆུང་གིས་མ་དངུལ་སྒོར་ཁྲི་900ལྷག་ཙམ་བཏང་ནས་གསར་དུ་བསྐྲུན་པའི་སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་17དང་སྒྱུར་བཀོད་རིམ་སྤོར་བྱས་པའི་སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་4ས་གནས་ལ་དངོས་སུ་རྩིས་སྤྲད་པ་རེད། གསར་དུ་བསྐྲུན་པའི་འཕྲོད་བསྟེན་ཁང་དེ་དག་ཤང་10ལ་ཁྱབ་ཅིང་། མང་ཚོགས་ཁྲི་6ལྷག་ཙམ་ལ་ཕན་པ་ཐོབ་པ་དང་འཕྲོད་བསྟེན་ཁང་རེ་རེའི་རྒྱ་ཁྱོན་སྨི་ངོས་གྲུ་60ནས་120བར་ཟིན་པས། རྒྱལ་ཁབ་རིམ་པའི་འཛུགས་སྐྲུན་གྱི་ཚད་གཞི་ལོན་ཁར། ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་སྲུང་བའི་གཡུལ་ས་མདུན་མར་གྱུར་ཡོད།

    རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི“དྲ་མཐིལ”ཡིན་པའི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་ནི་གཞི་རིམ་འཕྲོད་བསྟེན་ལས་དོན་གྱི“མཐའ་མའི་འགག་གནད”རེད། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ཚོགས་ཆུང་གིས་རོགས་སྐྱོར་བྱ་ཡུལ་གྱི་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཚད་གཞི་མི་ལོན་པ་དང་ཞབས་ཞུའི་ལེ་ལག་འགན་སྲུང་ཞན་པའི་གནས་ཚུལ་ལ་དམིགས་ནས། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་དེ་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་དང་ས་གནས་དེ་གའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་ཀྱིས་འཛུགས་སྐྲུན་གྱི་སྐུལ་སློང་ཚོགས་འདུ་འཚོགས་ཏེ། རིམ་པ་སོ་སོའི་འགན་འཁྲི་ནན་དུ་བཏང་བ་དང་། རྣམ་གྲངས་ལག་བསྟར་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད། ཤང(ཁྲོམ་གཞུང)དང་གྲོང་ཚོ(གྲོང་ལྷན)ཁག་གིས་དང་ལེན་ཧུར་ཐག་ཞུས་པ་དང་། ཤང་དང་གྲོང་ཚོའི་འགོ་ཁྲིད་གཙོ་བོས་སྔོན་ལ་ལག་ལེན་བསྟར་བ། གྲོང་མི་ཁག་གཅིག་གིས་ཐ་ན་རང་འགུལ་ངང་ཁང་པའི་རྒྱབ་མདུན་ཨར་ལས་བྱ་ཡུལ་དུ་མཁོ་འདོན་བྱས་པས། མི་ཚང་མ་ཞུགས་པ་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    སྨན་བཅོས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་མྱུར་དུ་ཕྱིན་ནས།

    གྲངས་འཛིན་བློ་རིག་གིས་བདེ་ཐང་ལ་མཐུན་རྐྱེན་སྦྱར་བ།

    2024ལོའི་ཟླ་11པའི་ཧྲང་ཧའེ་ནང་འདྲེན་འགྲེམས་ཚོགས་ཐོག“བསམ་གྲུབ་རྩེ་ཆུས་སྨན་བཅོས་གཅིག་མཐུན་ཚོགས་པའི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས”ཀྱིས་མི་མང་པོའི་ཡིད་དབང་འཕྲོག་ཡོད། གྲུབ་འབྲས་དེ་དག་ནི་ཆིང་ཏའོ་གྲོང་ཁྱེར་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ཚོགས་ཆུང་གིས་ཧེ་ཨར་སྐྱེ་དངོས་སྨན་བཅོས་དང་མཉམ་འབྲེལ་བྱས་ཏེ། 5Gདང་གྲངས་གཞི་ཆེན་པོ་སོགས་རྩེར་སོན་ལག་རྩལ་བསམ་གྲུབ་རྩེ་ཆུས་ཀྱི་རིག་ལྡན་སྨན་བཅོས་གཅིག་མཐུན་ཚོགས་པའི་ལས་སྟེགས་འཛུགས་སྐྲུན་ནང་སྤྱད་པ་ལས་བྱུང་བ་ཞིག་རེད།

    མང་ཚོགས་ཀྱི་སྨན་པ་བསྟེན་པའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱ་ཆེད། སྨན་བཅོས་གཅིག་མཐུན་ཚོགས་པའི་ཆ་འཕྲིན་ཅན་འཛུགས་སྐྱོང་བྱ་རྒྱུ་དེ་དཀའ་གནད་སེལ་བའི་ལྷུ་ཚིགས་ཤིག་ཏུ་གྱུར་ཡོད། ད་ཆ་རིག་ལྡན་སྨན་བཅོས་གཅིག་མཐུན་ཚོགས་པའི་ལས་སྟེགས་ལ་བརྟེན་ནས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད་པའི་གྲོང་མིས་ཤང་གི་འཕྲོད་བསྟེན་ཁང་དུ་ནད་བརྟག་སྨན་བཅོས་རགས་ཙམ་བྱས་ཏེ། སྨན་ཁང་སྒྱུར་བའི་སྤ་སེ་འབྲི་བ་དང་འགྲོ་ལུགས་མགྱོགས་མྱུར་གཉེར་རྗེས། ཤང་འཕྲོད་བསྟེན་ཁང་གི་བརྟག་དཔྱད་འབྲས་བུ་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་དུ་ཐད་ཀར་སྤྱོད་ཆོག་གི་ཡོད་པ་རེད། སྨན་ཁང་སྒྱུར་བའི་སྨན་བཅོས་ཀྱིས་སྨན་བཅོས་ཐོན་ཁུངས་བགོ་བཤའ་དེ་བས་ལུགས་མཐུན་བྱུང་ནས། ནད་པའི་སྨན་བཅོས་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། སྨན་བཅོས་ཞབས་ཞུའི་ལས་ཆོད་ཀྱང་ཆེས་ཆེར་ཆེ་རུ་ཕྱིན་ཡོད།

    རི་ཆུ་བརྒལ་བའི་བརྩེ་བ་བཅངས་ཏེ།

    རུས་ཚིགས་ནད་སྐྱོབ་བཅོས་བྱས་པ།

    ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ཚོགས་ཆུང་གིས་རོགས་སྐྱོར་བྱེད་རིང་། ས་མཐོའི་ས་ཁམས་དང་གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རུས་ཚིགས་ནད་དེ་ས་གནས་དེ་གའི་རྒྱུན་མཐོང་ནད་རིགས་སུ་གྱུར་པ་དང་། མང་ཚོགས་ཁག་གཅིག་ས་མཐོའི་སྨན་བཅོས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་དུས་ཐོག་ཏུ་སྨན་བཅོས་བྱེད་ཐབས་བྲལ་ནས་ལོ་མང་མཁར་རྒྱུག་ལ་བརྟེན་ནས་འཚོ་བ་མ་སྐྱེལ་ཐབས་མེད་བྱུང་བས། འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་ཤེས་རྟོགས་བྱུང་ཡོད།

    2023ལོའི་ཟླ་9པར་ཆིང་ཏའོ་གྲོང་ཁྱེར་འཕྲོད་བསྟེན་ཨུ་ལྷན་དང་ཆིང་ཏའོ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པས་རྒྱབ་སྐྱོར་དང་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པའི་ཤེས་ལྡན་པའི་ཚོགས་ཆུང་དང་ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་གིས་མཉམ་འབྲེལ་ཐོག“རི་ཆུ་འདྲེས་ནས་བརྩེ་བ་ཆེན་པོ་འཆང་བའི”ས་མཐོའི་ནད་རིགས་སྐྱོབ་བཅོས་རྣམ་གྲངས་ལག་བསྟར་བྱས་ཤིང་། ཆིང་ཏའོ་གྲོང་ཁྱེར་གྲོང་བཙུགས་སྨན་ཁང་རུས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པ་བོད་ལ་ཐེངས་གསུམ་ཡོང་ནས་ས་མཐོའི་རུས་ཚིགས་གཤགས་བཅོས་ཐེངས་71ལེགས་སྒྲུབ་བྱས་པ་དང་། དེའི་ཐོག་དེ་གོང་ཆིང་ཏའོ་རུ་གཤགས་བཅོས་བྱེད་པར་བསྐྱོད་པའི་ནད་པ་34བསྣན་ན་རྣམ་གྲངས་དེས་བོད་རིགས་སྤུན་ཟླ་105ཡི་བདེ་ཐང་སླར་གསོ་ཡོང་བར་རོགས་རམ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།