དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ནན་ཏན་སྤེལ་བ།

    སྤྱོད་ཚུལ་དམ་ནན་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-05

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ནས་སྙིང་རུས་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྤྱོད་ཚུལ་དམ་ནན་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱས་ཏེ་རྣམ་པ་གསར་པ་དང་གྲུབ་འབྲས་གསར་པ་མངོན་པར་བྱས་པ་རེད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཆེད་དོན་སློབ་སྦྱོང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་བརྒྱུད་བསྒྲགས་བྱས་པ་མ་ཟད། སློབ་སྦྱོང་སློབ་གསོའི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡང་བྱུང་བ་རེད། ཧྲུའུ་ཅིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། སྒེར་གྱིས་རང་སྦྱོང་། ཆེད་དོན་ཟུར་ཁྲིད། ཞིབ་བསྡུར་སྤེལ་རེས་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ལས་བྱེད་ལས་བཟོས་ཟབ་སྦྱོང་མཐིལ་རྟོགས་དང་། ཚད་གཞི་དང་ཡང་ཡང་བསྡུར་བ། སྦྱོང་བཤེར་བཅོས་གསུམ་གྱི་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱོད་ཚུལ་བཟང་པོར་བརྟེན་ནས་བོད་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ཁྲིད་སྟོན་བྱས་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བྱང་ཁ་ཤང་དུ“བླ་སྲོག་གཏོད་པ་དང་། སེམས་པ་འབྲེལ་བ། མེ་ལོང་ལྟ་བ། རལ་གྲི་བརྡར་བ”བཅས་ཚད་གཞི་བཞིའི་ཞུན་བརྡར་བྱ་སྤྱོད་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག་གསར་བརྗེའི་སློབ་གསོའི་རྟེན་གཞིར་འཚོགས་ནས་ལས་བྱེད་པ་50ལྷག་ཙམ་ལྷུན་གྲུབ་ཞིང་རར་བསྐྱོད་དེ་འགྲེམས་སྟོན་ཁུལ་དང་། ཚོགས་ཁང་། རྗེས་ཤུལ་སོགས་ལ་ལྟ་སྐོར་བྱས་པ་དང་། 《གཞོན་ནུ་ཤེས་ཡོན་ཅན་ཁྱིམ་དུ་ལོག་པ》ཞེས་པའི་དངོས་མཚོན་གློག་བརྙན་བལྟས་ཏེ་བོད་དུ་དམག་མིས་གསར་སྦོལ་དང་ས་རྒོད་སྦོལ་བའི་བྱ་གཞག་འཕེལ་རྒྱས་བཏང་བའི་ལོ་རྒྱུས་བསྐྱར་དྲན་བྱས་པ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱི་ནང་དོན་མྱོང་ལེན་གཏིང་ཟབ་བྱས་ནས་ལོ་རྒྱུས་སློབ་སྦྱོང་བྱེད་ཀྱིན་ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་སྤྲས་པ་རེད། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་གྱིས“སྲིད་ཇུས་གསལ་འགྲེལ་དང་གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བ་ཟུང་འབྲེལ”གྱི་རྣམ་པ་བརྒྱུད་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དཔེའི་བསམ་བློའི་འབྱུང་རྩ་དང་ནད་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། ལས་བྱེད་པར་ཐོན་བཟོ་ཡོད་པ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་ཞིབ་བསྡུར་བསམ་ཞིབ་བྱས་ཏེ་བསམ་བློའི“སྟེམ་སྒོ”དམ་དུ་བཏང་ནས་སྒྲིག་ཁྲིམས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས་པའི་ཁྲིད་སྟོན་བྱས་པ་རེད། བྱེད་སྒོ་དེ་རིགས་པའི་གཞུང་ལུགས་ཚོགས་ཆུང་གི་དཔེ་ཀློག་འཛིན་གྲྭའི་རྣམ་པའི་ཐོག་ནས་མཇུག་འགྲིལ་ཞིང་། སློབ་མ་ཚོས《ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་སྒྲིག》གི་ས་བཅད་རེ་རེ་བཞིན་བཀླགས་པ་དང་། གསལ་ཐོ་དང་མང་ཚོགས་ཀྱི་གྲོས་འགོ་དང་ཟུང་འབྲེལ་བྱས་ནས་གནད་དོན་བཤེར་འདོན་བྱས་པ། “ཚད་གཞི་བཞིའི་ཞུན་བརྡར”ལ་དམིགས་ནས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་བཅས་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་ཤན་རྩྭ་རྫོང་གིས“རྫོང་ཨུད་ཀྱིས་སྤྱི་འདོམས་དང་། ཆེད་དོན་ཚན་ཁག་གིས་སྐུལ་འདེད། སྡེ་ཚན་གྱིས་མཉམ་འགུལ”བཅས་བྱེད་པའི་འགན་འཁྲིའི་མ་ལག་བཙུགས་པས“སློབ་སྦྱོང་དང་། བཤེར་འདོན། བཅོས་སྒྲིག སློབ་གསོ”བཅས་ཀྱི་གདུབ་ཟུམ་ལམ་སྲོལ་ཆགས་པ་རེད། མིག་སྔའི་བར་རིམ་ཁག་འགོ་ཁྲིད་ལས་བྱེད་པས་བརྟག་ཞིབ་བྱས་ནས་གནད་དོན་ཁག་33ཤེས་རྟོགས་བྱུང་བ་ལས་29དག་ཐེར་ཟིན་པ་དང་། ཉེན་ཟོན་སློབ་གསོའི་བྱེད་སྒོ་ཐེངས་2སྤེལ་བ་དེ་མི་ཐེངས་673ལ་ཁྱབ་པ། “སྒྱིད་ལུག་རྣམ་གཡེང་དང་འཚབ་འཚུབ། ཉབ་ཉོབ”བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ལས་བྱེད་པ་གཤམ་སྐྱོད་ཀྱི་དུས་ཚོད་40%ཡན་རིང་དུ་ཕྱིན་ཡོད། རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཚོགས་འདུའི་གནས་ཚུལ་སྤེལ་གཏོང་གི་བསྡུར་ཚད་10%བར་ཐུང་དུ་བཏང་ནས་གནས་ཚུལ་གྱི་བརྗོད་བྱ་90%དམངས་འཚོའི་ལས་དོན་ལ་དམིགས་ནས་སྤེལ་བ་དང་། “གྲོང་ཚོའི་རྒྱང་བསྒྲགས་ནས་དོན་དག་ཤོད་པའི”བརྙན་ཐུང་ལས་སྟེགས་གསར་གཏོད་བྱས་པ་དང་བརྩམས་ཆོས་ཁག་177སྤེལ་བར་ལྟ་མཁན་མི་ཐེངས་ཁྲི་8.8ཟིན་ཡོད། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས“གཞུང་གྲོན་གསུམ”སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོན་དངུལ་ཉུང་དུ་གཏོང་བ་དང་མ་དངུལ་སྤྱོད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། རྫོང་སྲིད་གཞུང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་ལྟེ་གནས་ཀྱིས་གཞུང་འཁོར་ལ་དོ་དམ་ནན་པོ་བྱས་ཏེ་སྒེར་སྤྱོད་གཏན་ནས་བྱེད་མི་རུང་བ་དང་། དུས་ཆེན་དང་གུང་གསེང་རིང་འཁོར་རིགས་གཏོང་མཚམས་འཇོག་པའི་ལམ་ལུགས་དོན་འཁྱོལ་བྱེད་པ། ཁ་ལོ་བར་དོ་དམ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་རེད།

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བར་གོ་འཇོ་ཡུག་ཁུལ་གྱི་ཤང(གྲོང་རྡལ)6དང་དེ་བཞིན་རྫོང་ཐད་གཏོགས་སྡེ་ཚན་ཁག་གི་ལོ་28མན་གྱི་ལས་བྱེད་པ་60ལྷག་ཙམ་ཧུར་ཐག་ཞུགས་ཡོད། དཔེ་ཀློག་འཛིན་གྲྭར“ཆེད་དོན་ཟུར་ཁྲིད་དང་། མི་སྒེར་གྱི་རང་སྦྱོང་། ཉེན་ཟོན་སློབ་གསོ། ཚོགས་ཆུང་ཁག་བགོས་གྲོས་བསྡུར་བཅས་ཟུང་འབྲེལ”གྱི་རྣམ་པ་སྤྱད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེ་བཞིན་འབྲེལ་ཡོད་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་མ་ཟད། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བཟོས་པའི་ཉེན་ཟོན་སློབ་གསོའི་གློག་བརྙན《སྦྲང་ཟ》ཞེས་པ་གཅིག་སྡུད་ཐོག་བལྟས་པ་དང་ཉེ་འགྲམ་གྱི་གྱོད་དཔེ་དངོས་མེ་ལོང་དུ་བཟུང་སྟེ་སྒྲིག་འགལ་ཁྲིམས་འགལ་གྱི་མཇུག་འབྲས་ཚབས་ཆེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། “ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་ལ་ཉེན་བརྡ་གཏོང་བའི”ཟིལ་གནོན་གྱི་ནུས་པ་འདོན་པ་བཅས་བྱས་ཏེ་ན་གཞོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་འཚོ་བཅུད་གསབ་པ། བློ་ཁ་གཅུན་པ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།