ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱིས་སློབ་གྲྭ་བཙུགས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུས་པ།
ཟླ་6ཚེས་1ཉིན་ལྷོ་ནུབ་ནོར་དཔལ་སློབ་ཆེན་བཙུགས་ནས་ལོ་100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་སི་ཁྲོན་ཁྲེང་ཏུའུ་རུ་འཚོགས་པ་རེད།
ལྷོ་ནུབ་ནོར་དཔལ་སློབ་ཆེན་ནི་ལོ་བརྒྱའི་གོང་དུ་བཙུགས་པའི་ཀོང་ཧྭ་སློབ་ཆེན་ལས་བརྒྱུད་ཡོང་བ་ཞིག་ཡིན་པ་དང་། རི་འགོག་དམག་འཁྲུག་རིང་སྟེ། 1938ལོར་ལ་ཀླུང་བརྒལ་ནས་དཔེ་དེབ་སོགས་སློབ་གྲྭའི་རྒྱུ་དངོས་སྲུང་སྐྱོབ་བྱས་ནས་སློབ་གྲྭ་སི་ཁྲོན་དུ་སྤོས་ཏེ། ཧོང་ཕུའུ་གཙང་འགྲམ་ནས་ཧོན་ཧྭ་ཆུ་འགྲམ་བར་གྱི་སློབ་གཉེར་བརྒྱུད་རིམ་བཏོད་པ་རེད། 1952ལོ་ནས་1953ལོ་བར། ལྷོ་ནུབ་ས་ཁུལ་གྱི་སློབ་གྲྭ་17གྱི་ནོར་དཔལ་ཚན་ཁག་ལས་སི་ཁྲོན་ནོར་དཔལ་སློབ་གླིང་གྲུབ་པ་དང་། 1985ལོར་སློབ་གྲྭའི་མིང་ལྷོ་ནུབ་ནོར་དཔལ་སློབ་ཆེན་དུ་བསྒྱུར་བ། 1997ལོར་རྒྱལ་ཁབ་ཀྱི“211ལས་གྲྭའི”གཙོ་གནད་འཛུགས་སྐྲུན་མཐོ་སློབ་ཀྱི་གྲས་སུ་གྱུར་པ། 2000ལོར་སློབ་གསོ་པུའུ་ཡི་དོ་དམ་བྱེད་ཁོངས་སུ་བསྒྱུར་བ། 2011ལོར“985ལས་གྲྭའི”ལེགས་ལྡན་རིག་ཚན་གསར་གཏོད་ལས་སྟེགས་འཛུགས་སྐྲུན་མཐོ་སློབ་ཀྱི་གྲས་སུ་གྱུར་ཡོད།
དུས་རབས་གསར་པར་སླེབས་རྗེས་ལྷོ་ནུབ་ནོར་དཔལ་སློབ་ཆེན་དེ་ཉིད་རྒྱལ་ཁབ་ཀྱི“རྩེ་གྲ་གཉིས”འཛུགས་སྐྲུན་མཐོ་སློབ་ཁག་དང་པོའི་གྲས་སུ་བདམས་ཐོན་བྱུང་བ་དང་། ལོ་བརྒྱའི་རིང་ལྷོ་ནུབ་ནོར་དཔལ་སློབ་ཆེན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕུལ་བྱུང་ཤེས་ལྡན་པ་ཁྲི་20ལྷག་ཙམ་གསོ་སྐྱོང་བྱས་ཡོད།