དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རླངས་འཁོར་འགྲེམས་ཚོགས་ལ་ཞུགས་མཁན་རླངས་འཁོར་ཁེ་ལས་ཀྱིས་བརྗོད་དོན།

    རླངས་འཁོར་ཐོན་ལས་ཀྱི“རིན་ཐང”བསྡུར་བ་ ལས“རིན་གོང”བསྡུར་རྒྱུ་མེད།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-04

    ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན་2025ལོའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རླངས་འཁོར་འགྲེམས་ཚོགས་ཧྲེན་ཀྲེན་དུ་འགོ་ཚུགས་པ་དང་། རླངས་འཁོར་ཁེ་ལས་ཀྱི་འགན་འཁུར་བ་དང་མཐོ་རིམ་དོ་དམ་པ་མང་པོ་མཉམ་དུ་འཛོམས་ནས་ཀྲུང་གོའི་རླངས་འཁོར་ཐོན་ལས་ཀྱི་འབྱུང་འགྱུར་ནི“རིན་ཐང”བསྡུར་བ་ལས“རིན་གོང”བསྡུར་རྒྱུ་མིན་པའི་ངོས་འཛིན་བྱས་པ་རེད།

    2025ལོའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རླངས་འཁོར་འགྲེམས་ཚོགས་ཀྱི་ཉིན་དང་པོར་ལྟད་མོ་བ་མི་ཐེངས་ཁྲི་18.3ཟིན་པ་དེ་ན་ནིང་གི་ཉིན་དང་པོའི་མི་ཐེངས་ཁྲི་15.7ལས་བརྒལ་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། བདེ་འཇགས་ཕྱིར་སྐྱོད་དང་རིག་ལྡན་ཕྱིར་སྐྱོད་ནི་ཁྱིམ་ཚང་གིས་རླངས་འཁོར་ཉོ་སྐབས་བསམ་གཞིག་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད།

    ཉེ་ཆར་ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས《འགྲན་རྩོད་དྲང་གཞག་གི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》ཁྱབ་བསྒྲགས་བྱས་ཤིང་། གྲོས་འགོའི་ནང་བསྟན་དོན། དུས་ཡུན་ངེས་ཅན་ཞིག་རིང་ལས་རིགས་ཀྱི་ཁེ་སྤོགས་ཆུ་ཚད་ཆག་ཡོད། སྒྲིག་ལམ་མེད་པའི“རིན་གོང་འཁྲུག་རྩོད”མཚོན་ཚུལ་གཙོ་བོར་བྱས་པའི“ནང་རྨུག་རྣམ་པའི”འགྲན་རྩོད་ནི་ལས་རིགས་ཀྱི་ཕན་འབྲས་ཆུང་དུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ལས་རིགས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་འགྲན་རྩོད་དྲང་གཞག་གི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་ལས་རིགས་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

    ཞའོ་ཕེང་རླངས་འཁོར་གྱི་ཏུང་ཧྲི་ཀྲང་དང་CEOགཅིག་ལྕོགས་ཧོ་ཞའོ་ཕེང་གིས། སྐབས་འདིའི་རླངས་འཁོར་འགྲེམས་ཚོགས་ཐོག རྩིས་ནུས་ཆེན་པོ་དང་དཔེ་དབྱིབས་ཆེ་གྲས་ཀྱིས་AIརླངས་འཁོར་གྱི་ཚད་གཞིར་ཐུན་མོང་ཐོག་མཚན་ཉིད་བཞག་ཡོད། ཞའོ་ཕེང་རླངས་འཁོར་གྱིས་AIརླངས་འཁོར་དང་། འཕུར་སྐྱོད་རླངས་འཁོར། AIའཕྲུལ་མི་བཅས་ཀྱི་ཁྱབ་ཁོངས་སུ་ལོ་མང་འཚོལ་ཞིབ་བྱས་ནས་དུས་ཚིགས་གཅིག་གི་ཞིབ་སྤེལ་ཐད་སྒོར་དུང་ཕྱུར་20ལྷག་ཙམ་བཏང་ཡོད་ཅེས་བརྗོད།

    ཀོང་ཀྲོའུ་རླངས་འཁོར་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོ་ཞན་ཆིང་གིས་རླངས་འཁོར་འགྲེམས་ཚོགས་ཐོག མིག་སྔར་སྤྱོད་མཁན་གྱི་དགོས་མཁོ་དེ་འགྲིམ་འགྲུལ་ཡོ་བྱད་ལས་ཆེས་ཆེར་བརྒལ་ནས་དེ་བས་རང་གཤིས་ཅན་དང་། རིག་ནུས་ཅན། སྟབས་བདེའི་རང་བཞིན་བཅས་ཀྱི་ཕྱིར་སྐྱོད་ཉམས་ལེན་དོན་གཉེར་བྱེད་ཀྱི་ཡོད། ཀོང་ཀྲོའུ་རླངས་འཁོར་ཚོགས་པས་རིམ་རྩིས་བརྒྱབ་ན་ཞིབ་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར་550ལྷག་ཙམ་བཏང་ནས་སྤྱོད་མཁན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱོད་མཁན་ལ་སྤུས་ཚད་མཐོ་བའི་ཐོན་རྫས་དང་རིན་ཐང་མཐོ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་དོ་ཁུར་བྱེད་ཀྱི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།