ས་མཐོའི་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར།
འདི་ནི་འགྲན་ཞུགས་རུ་ཁག་གིས་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་གཙང་འགྲམ་སྤྱི་གླིང་གི་ངོགས་སུ་ལྟད་མོ་བས་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ལ་ལྟ་བཞིན་པ།
ཟླ་5ཚེས་31ཉིན། 2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ལྷ་ས་སྐྱིད་ཆུའི་གཙང་འགྲམ་སྤྱི་གླིང་གི་ཆུ་ཁོངས་སུ་བྱས་པ་རེད། རྒྱལ་ཡོངས་ས་གནས་ཁག་གི་བདམས་ཐོན་པ་160ལས་གྲུབ་པའི་གྲུ་ཤན་འབྲུག་མགོ་མའི་རུ་ཁག་10དང་ཀོ་གྲུའི་རུ་ཁག་20ཡིས་མཉམ་དུ་ས་མཐོར་འགྲན་བསྡུར་བྱས་པས། ལྟད་མོ་བ་མང་པོ་འགྲན་བསྡུར་ལ་ལྟ་བར་ཡོང་བའི་ཡིད་དབང་བཀུག་པ་རེད།