དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“གཅིག་འཐུས་རྣམ་པའི”ཞབས་འདེགས་ཞུ་ཐབས་གསར་གཏོད་བྱས་ནས་བེད་མེད་ཞིང་འཕྲུལ་གསར་བརྗེས་བྱེད་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-04

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་མཁོ་སྤྲོད་ལེགས་སུ་གཏོང་བ་དང་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་བ་དེ་ལྟེ་བར་བྱེད་པ་དང་། “གཅིག་འཐུས་རྣམ་པའི”སྒོ་རྩར་ཞབས་འདེགས་ཞུ་ཐབས་གསར་གཏོད་བྱེད་པ། བེད་མེད་ཞིང་འཕྲུལ་རྙིང་པ་གསར་པར་བརྗེ་བའི“མཐའ་མའི་འགག་གནད”བདེ་བླག་ངང་སེལ་བ། “རྙིང་པ”མེད་པར་བཟོ་བ་དང“གསར་པ”བརྗེ་རྒྱུ་འབྲེལ་མཐུད་ནུས་ལྡན་དང་འཁོར་སྐྱོད་ཡག་པོ་ཐུབ་པ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞིང་འཕྲུལ་རྙིང་པ་བེད་མེད་དུ་གཏོང་བའི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཞིང་ཆེན་ཡོངས་ཀྱིས་གསར་དུ་ཉོས་པའི་ཞིང་འཕྲུལ་2736ཟིན་པ་དང་གསར་དུ་ཉོས་པའི་འཕྲུལ་ཆས་ཀྱི་བསྡོམས་འབོར་དུས་མཚུངས་ལས་30%འཕར་ཡོད། བརྔ་བསྡུ་འཕྲུལ་འཁོར་དང་། ཐོ་ཕྲུག ཞོག་ཁོག་སྔོག་བསྡུ་འཕྲུལ་འཁོར་སོགས་འཕྲུལ་འཁོར་གཙོ་བོ་ཉོ་ཚད་མངོན་གསལ་དོད་པོས་འཕར་ཡོད།

    2025ལོ་ཚུན། མཚོ་སྔོན་ཞིང་ཆེན་གྱིས་ཐོན་སྐྱེད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་འཕྲུལ་བེད་མེད་དུ་གཏོང་བའི་ཁ་གསབ་ཁྱབ་ཁོངས་རྒྱ་སྐྱེད་བཏང་བ་དང་། ཁ་གསབ་རྣམ་གྲངས་རིགས་14ནས་རིགས་25བར་མང་དུ་བཏང་སྟེ་ཞིང་ཆེན་ནང་ཁུལ་གྱི་ཞིང་འཕྲུལ་རྙིང་པའི་རིགས་ཚང་མར་གཞི་རྩའི་ཆ་ནས་ཁྱབ་ཡོད། ཞིང་ལས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཞན་པ་དང་ལས་ཆོད་ཀྱི་འཇུར་མིག་ལ་དམིགས་ཏེ་ཐོ་ཕྲུག་དང་དེ་བཞིན་བེད་མེད་སོན་འདེབས་འཕྲུལ་འཁོར་དང་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གསར་བརྗེས་བྱེད་པའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་སྟེ། འཕྲུལ་འཁོར་རིགས་ཁག་གཅིག་ལ་ཁ་གསབ་བྱེད་ཚད་50%བར་མཐོ་རུ་བཏང་ཡོད། ཁ་གསབ་སྲིད་ཇུས་ཕྱོགས་བསྡུས་ཐོག་ལག་བསྟར་བྱེད་པ་དེས་ཞིང་འཕྲུལ་རིམ་འཇུག་རིམ་སྤར་བྱ་རྒྱུར་སྲིད་ཇུས་ཀྱི་ཁྲིད་སྟོན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།