དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གེགས་ཁུལ་གྱི་བྱིས་པར་གཅེས་སྐྱོང་མཚོན་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-04

    ཉེ་ཆར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དིང་རི་རྫོང་གྲམ་མཚོ་ཤང་དང་། ཆུ་ལྷོ་ཤང་། མཚོ་སྒང་ཤང་། དེ་བཞིན་ལྷ་རྩེ་རྫོང་གི་མང་ཕུ་ཤང་བཅས་ཀྱི་སློབ་གྲྭ་4རུ་2025ལོའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་བྱམས་སེམས་ཅན་གྱི་ཨ་མའི་ཆ་སྒྲིག་གཅེས་སྐྱོང་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་དིང་རི་རྫོང་གི་བྱམས་སེམས་ཅན་གྱི་ཨ་མའི་འཐུས་མིར་ལག་ཁྱེར་སྤྲད་པ་མ་ཟད། གྲོས་འདོན་ཡི་གེ་སྒྲོག་སྦྱངས་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་མང་བ་གཅེས་སྐྱོང་དཔུང་ཁག་ནང་ཞུགས་ནས་སེམས་ཁམས་རོགས་ཟླའི་སྲུང་སྐྱོང་པ་དང་། འཚར་ལོངས་ལམ་གྱི་ལམ་སྟོན་པ། སྐྱིད་སྣང་ལྡན་པའི་དུས་ཆེན་གྱི་བརྒྱུད་སྤེལ་བ། སྤྱི་ཚོགས་སྟོབས་ཤུགས་ཀྱི་གོང་བུ་སྒྲིལ་མཁན་བཅས་ཧུར་ཐག་བྱ་རྒྱུའི་འབོད་སྐུལ་བྱས་ཡོད། ལས་དོན་པས་བྱིས་པ་1931ལ་གཅེས་སྐྱོང་ཁུག་མ་དང་གཅེས་སྐྱོང་སྤུན་དོག་སྟོད་གོས་སྤྲད་པ་མ་ཟད་གསར་བརྗེའི་གསུང་རབ་ཀློག་དེབ་དང་ལུས་སྦྱོང་ཡོ་བྱད་ཀྱང་ཞལ་འདེབས་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།