ཅང་སུའུ་ཐའེ་ཤིན་དུ་ཕྱིར་གཏོང་མངགས་ཐོ་མང་ལ་གྲུ་གཟིངས་ཁེ་ལས་ལས་བྲེལ་ཆེ།
2025ལོའི་ཟླ་5ཚེས་27ཉིན། ཅང་སུའུ་ཞིང་ཆེན་ཐའེ་ཤིན་གྲོང་ཁྱེར་དུ་ཡོད་པའི་ཅང་སུའུ་དབྱང་ཙི་ཤིན་ཧྥུ་གྲུ་བཟོ་ཚད་ཡོད་ཀུང་སིར་ལས་བྲེལ་ཆེ་ཞིང་། གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་ལྗང་མདོག་གྲུ་གཟིངས་སྣ་ཚོགས་མགྱོགས་པོ་བཟོ་བཞིན་ཡོད། ཁེ་ལས་ལ་2029ལོ་བར་གྱི་རྒྱལ་སྤྱིའི་མངགས་ཐོ་མང་པོ་བྱུང་བ་དང་རིག་ནུས་ཅན་དང་ཐཱན་ཉུང་ཅན་ལྟེ་བར་བྱས་པའི་གྲུ་གཟིངས་བཟོ་སྐྲུན་གྱི་ཐོན་ལས་འཁོར་འབྲེལ་མགྱོགས་པོ་རིམ་སྤོར་བྱས་ཤིང་། སྔོན་དཔག་བྱས་ན་2025ལོར་རྩིས་སྤྲོད་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུ་དང་ལོ་རེའི་ཐོན་རྫས་རིན་ཐང་དུང་ཕྱུར་བརྒྱ་རིམ་པའི་སྐས་རིམ་ལས་བརྒལ་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལ་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་རེད། འདི་ནི་ཅང་སུའུ་དབྱང་ཙི་ཤིན་ཧྥུ་གྲུ་བཟོ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་ཁུལ་ཡིན་པ།