དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཁོ་ཐེ་ཏི་ཝོར་རྒྱལ་སྤྱིའི་ཞིང་ལས་འགྲེམས་ཚོགས་ཀྱི་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་ཁུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-03

    ཉེ་ཆར། ཁོ་ཐེ་ཏི་ཝོར་རྒྱལ་སྤྱིའི་ཞིང་ལས་དང་སྲོག་ཆགས་ཐོན་ཁུངས་འགྲེམས་ཚོགས་སྐབས་བདུན་པ་ཨ་པི་རང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཡོད། ཀྲུང་གོས་གདན་ཞུས་ལྟར་སྐབས་འདིའི་ཞིང་ལས་འགྲེམས་ཚོགས་ཀྱི་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་ཁུར་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་ས་ཐོག་ཏུ་ཚ་རྒྱུད་ཀྱི་ཞིང་ལས་ཐོན་རྫས་དང་། ཞིང་ལས་འཕྲུལ་ཆས། སྔོན་ཐོན་ཞིང་ལས་ལག་རྩལ་སོགས་འགྲེམས་སྟོན་བྱས་ཡོད། འགྲེམས་ཚོགས་རིང་། ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་ཕྱོགས་གཉིས་པོས་བསམ་ཤེས་བརྗེད་ཐོ་དང་ཞིང་ལས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།